འཕྲུལ་རླབས།
phys. A mechanical wave is a wave that is a vibration in matter, transferring energy through a material. བེམ་རྫས་སུ་བྱུང་བའི་འདར་འགུལ་ཡིན་པའི་རླབས་ལ་འཕྲུལ་རླབས་ཟེར་ཞིང་། འཕྲུལ་རླབས་ཀྱིས་དངོས་རྫས་བརྒྱུད་ནས་ནུས་པ་འཕོ་འདྲེན་བྱེད།
འཕྲུལ་རིག འཕྲུལ་རྩལ། འཕྲུལ་ཆས།
phys. Method and means of solving practical problems by implementing the findings of science. ཚན་རིག་གི་རྙེད་པ་བེད་སྤྱད་དེ་སྒྲུབ་པའི་དངོས་ཡོད་ཀྱི་དཀའ་ངལ་སེལ་བའི་ཐབས་ལམ་དང་ཆ་རྐྱེན།
འཕྲུལ་རིག་པ།
phys. A person who applies scientific information for practical uses, for example, in industry. ཚན་རིག་གི་ཤེས་བྱ་བཟོ་གྲྭ་ལྟ་བུའི་ནང་དུ་དངོས་སུ་ལག་བསྟར་བྱེད་མཁན་གྱི་གང་ཟག་ཅིག
འཕྲུལ་ལས་པ། འཕྲུལ་བཟོ་བ།
phys. A person skilled in mechanical or industrial techniques or in a particular technical field འཕྲུལ་ལས་སམ་བཟོ་གྲྭ་དང་འབྲེལ་བའི་ཐབས་རྩལ་ལ་མཁས་པའི་གང་ཟག་ཅིག་གམ། ཡང་ན། བཟོ་རིག་གི་སྡེ་ཚན་གང་ཡང་རུང་བ་ཞིག་ལ་མཁས་པའི་གང་ཟག་ཅིག
འཕྲེད་ཀྱི།
math. Parallel to the plane of the horizon; at right angles to the vertical. འཕྲེད་ངོས་དང་མཉམ་གཤིབ་ཡིན་པ་སྟེ། གཞུང་ཐིག་དང་དྲང་འཕྱང་ཡིན་པའི།