འཕེལ་འགྱུར་ཆེན་མོ།
biol. Large-scale evolution occurring over a very long period time that results in the formation of new species and higher-level taxonomic groups. དུས་ཡུན་ཧ་ཅང་རིང་པོ་ཞིག་གི་རིང་ལ་བྱུང་བའི་གཞི་རྒྱ་ཆེ་བའི་འཕེལ་འགྱུར་ཞིག་ལ་གོ་ཞིང་། འདི་ལ་བརྟེན་ནས་ཉེ་རིགས་གསར་པ་དང། རིམ་པ་མཐོ་བའི་དབྱེ་བསྡུའི་སྡེ་ཚན་གྱི་སྲོག་ཆགས་གྲུབ་ཀྱི་ཡོད།
འཕེལ་འགྱུར་དབྱེ་བསྡུ་རིག་པ།
biol. A school of biological classification which classifies organisms on the basis of both phenetic and phylogenetic data. ཕྱིའི་སྣང་ཚུལ་དང་འབྲེལ་བའི་གྲངས་ཐོ་དང་ཚོགས་སྡེའི་འཕེལ་རིམ་གྱི་གྲངས་ཐོ་གཉིས་ཀ་གཞིར་བཞག་སྟེ་སྐྱེ་དངོས་རྣམས་སྡེ་ཚན་དུ་དབྱེ་འབྱེད་བྱེད་པའི་སྐྱེ་དངོས་ཀྱི་སྡེ་ཚན་དབྱེ་འབྱེད་ཀྱི་ལམ་ལུགས་ཤིག