འདྲེས་འདེམས།
biol. A type of SELECTION in which both extremes of a phenotypic range are selected against, producing a stable average phenotype. རིགས་རྫས་མངོན་རྣམ་ཞིག་གི་ཁྱབ་ཚུལ་གྱི་མཐའ་གཉིས་ཀ་ཕན་ཚུན་མཐུན་སྡུར་གྱིས་འདེམས་སྒྲུག་བྱས་ཏེ་བརྟན་ཞིང་ཆ་སྙོམས་པའི་རིགས་རྫས་མངོན་རྣམ་ཞིག་སྐྲུན་པའི་འདེམས་སྒྲུག་གི་རིགས་ཤིག [ཁྱད་ཆོས་འདྲེས་པའི་སྐྱེ་དངོས་འདེམས་སྒྲུག དཔེར་ན། ནག་སྐྱ་འདེམས་སྒྲུག]
འདྲེས་རྫས།
phys. Substances mixed together without combining chemically. རྫས་སྦྱོར་གྱི་འཆིང་བ་མེད་པའི་སྒོ་ནས་མཉམ་དུ་བསྲེས་པའི་དངོས་རྫས།
འདུ་གནས་རིང་ཚད།
phys. Distance between the center of a lens and either focal point; the distance from a mirror to its focal point. དྭངས་ཤེལ་གྱི་ལྟེ་བ་ནས་འདུ་གནས་གང་རུང་དབར་གྱི་བར་ཐག མེ་ལོང་ནས་དེའི་འདུ་གནས་དབར་གྱི་བར་ཐག