འགྲན་དབྱུང་རྩ་དོན།
biol. The ecological principle that when two species compete for the same critical resources within an environment, one of them will eventually outcompete and displace the other. ཁོར་ཡུག་ཅིག་ཏུ་ཡོད་པའི་གལ་ཆེའི་ཐོན་ཁུངས་གཅིག་ལ་ཉེ་རིགས་གཉིས་ཀྱིས་འགྲན་རྩོད་བྱེད་པའི་སྐབས་སུ། རིམ་གྱིས་ཉེ་རིགས་གཅིག་ལ་རྒྱལ་ཁ་ཐོབ་ཅིང་། ཉེ་རིགས་གཞན་དེ་གནས་ནས་དབྱུང་བར་བྱེད་པའི་སྐྱེ་ཁམས་ཀྱི་རྩ་དོན་ཞིག […]
འགྲམས་འཕྲོ།
phys. Reflection of waves in many directions from a rough surface. མི་སྙོམས་པའི་ངོས་ལས་རླབས་ཕྱོགས་གང་སར་ལྡོག་འཕྲོ་བྱས་པ།
འགྲིབ་པའི་ཐེ་ཞུགས།
phys. Combination of waves so that crest parts of one wave overlap trough parts of another, resulting in a wave of decreased amplitude. རླབས་གཅིག་གི་ཟེ་མགོ་རླབས་གཞན་ཞིག་གི་གཤོང་ལ་ཐུག་པའི་སྒོ་ནས་མཉམ་སྦྱོར་བྱས་པ་ལ་བརྟེན་ནས་གྲུབ་པའི་འདར་རྒྱ་ཇེ་ཆུང་དུ་གྱུར་པའི་རླབས།
འགྲུལ་རྡོ།
phys. A piece of magnetite or other naturally magnetized mineral, able to be used as a magnet. ཁབ་ལེན་རྡོ་དུམ་བུ་ཞིག་གམ་རང་བཞིན་གྱིས་ཁབ་ལེན་གྱི་ནུས་པ་ཡོད་པའི་གཏེར་རྡོ་ཞིག་སྟེ། ཁབ་ལེན་གྱི་ཚབ་ཏུ་སྤྱོད་ཆོག་པ་ཞིག [ལམ་ཁ་སྟོན་པའི་ཕྱོགས་སྟོན་འཁོར་ལོ་བཟོ་པར་སྤྱོད་པས་འདི་ལྟར་བཏགས།]