འགྱེད་འཕྲོ་འཇལ་ཐབས།
phys. The detection and measurement of radiation fields, their spectral intensities, and energies. འགྱེད་འཕྲོའི་ར་བ་དང་། དེ་དག་གི་འོད་ཤལ་གྱི་བཀྲག་ཚད། ནུས་པ་བཅས་རྩད་གཅོད་དང་ཚད་འཇལ་བྱེད་པ་ལ་གོ
འགྱེད་འཕྲོ་རང་བཞིན།
phys. The spontaneous disintegration of certain atomic nuclei accompanied by the emission of alpha-particles (helium nuclei), beta-particles (electrons or positrons), or gamma radiation (short-wavelength electromagnetic waves.) ཨལ་ཕ་རྡུལ་(ཧེ་ལིམ་གྱི་ལྟེ་རྡུལ་)ལམ། བྷེ་ཊ་རྡུལ(གློག་རྡུལ་ལམ་ཕོ་རྡུལ་ལྡོག་མ་)། ཡང་ན་གྷ་མ་འཕྲོ་ཟེར་(རླབས་ཐག་ཐུང་བའི་གློག་ཁབ་ལེན་གྱི་རླབས་)གློད་ཞོར་རང་དབང་གི་སྒོ་ནས་རྡུལ་ཕྲན་གྱི་ལྟེ་རྡུལ་ངེས་ཅན་ཞིག་ལ་བྱུང་བའི་བཤིག་འགྱུར་ལ་གོ
འགྱེད་འཕྲོ་སྐྱེལ་འདྲེན།
phys. The transmission of heat by electromagnetic radiation. གློག་ཁབ་ལེན་གྱི་འགྱེད་འཕྲོ་ལ་བརྟེན་ནས་དྲོད་ནུས་བརྒྱུད་གཏོང་བྱེད་པ་ལ་གོ
འགྱེད་འཕྲོའི་གནས་མཉམ་རྩ་རྫས།
phys. Isotope of an element that is intrinsically unstable and is likely to emit ionizing radiation as a result of radioactive decay to a more stable form. རང་བཞིན་གྱིས་བརྟན་པོ་མེད་ཅིང་གྱེས་རྡུལ་སྐྱེད་པའི་འགྱེད་འཕྲོ་སྤྲོ་བའི་སྒོ་ནས་སྔར་ལས་བརྟན་པའི་ངོ་བོར་འགྱེད་འཕྲོའི་ཟད་འགྱུར་བྱེད་པའི་གནས་མཉམ་རྩ་རྫས་ཤིག
འགྱེད་འཕྲོའི་གནས་མཉམ་རྩ་རྫས།
phys. Isotope of an element that is intrinsically unstable and is likely to emit ionizing radiation as a result of radioactive decay to a more stable form. རང་བཞིན་གྱིས་བརྟན་པོ་མེད་ཅིང་གྱེས་རྡུལ་སྐྱེད་པའི་འགྱེད་འཕྲོ་སྤྲོ་བའི་སྒོ་ནས་སྔར་ལས་བརྟན་པའི་ངོ་བོར་འགྱེད་འཕྲོའི་ཟད་འགྱུར་བྱེད་པའི་གནས་མཉམ་རྩ་རྫས་ཤིག
འགྱེད་འཕྲོའི་ཆ་མཉམ།
phys. A condition in which the quantities of radioactive daughter nuclides in a material remain constant because they are formed from the parent as fast as they decay. མ་རྡུལ་ནས་བུ་རྡུལ་གྲུབ་པ་དང་བུ་རྡུལ་དེ་རྣམས་ཟད་འགྱུར་བྱེད་པ་གཉིས་དོ་མཉམ་པ་ལ་བརྟེན་ནས་འགྱེད་འཕྲོའི་རང་བཞིན་གྱི་བུ་རྡུལ་གྱི་ཁ་གྲངས་འགྱུར་མེད་དུ་གནས་པའི་གནས་སྟངས་ཤིག
འགྱེད་འཕྲོའི་ནུས་པ།
phys. Any energy, including heat, light, and X-rays, that is transmitted by radiation. It occurs in the form of electromagnetic waves. དྲོད་དང་། འོད། གློག་པར་ཐེ་བའི་འགྱེད་འཕྲོ་ལ་བརྟེན་ནས་ཁྱབ་གཏོང་བྱེད་པའི་ནུས་པ་གང་རུང་རུང་ཞིག། འདི་ནི་གློག་ཁབ་ལེན་གྱི་རླབས་ཀྱི་ངོ་བོར་འབྱུང་།