ཟླུམ་སྐོགས།
math. A spherical shell is a generalization of an annulus to three dimensions. A spherical shell is therefore the region between two concentric spheres of differing radii. ཟླུམ་སྐོགས་ནི་ཨ་ལོང་གི་དབྱིབས་ཤིག་གཞོགས་གསུམ་ལྡན་ཞིག་ཏུ་བསྒྱུར་བའི་སྤྱི་མིང་། དེ་བས། ཟླུམ་སྐོགས་ནི་ཚངས་ཕྱེད་མི་འདྲ་ཞིང་ལྟེ་བ་ཐུན་མོང་ཅན་གྱི་ཟླུམ་གཟུགས་གཉིས་ཀྱི་བར་མཚམས་ཀྱི་གནས་དེ་ལ་གོ
ཟླུམ་སྤྲི།
biol. Any of a group of heme-containing proteins, including myoglobin and hemoglobin, that can bind oxygen and other gases. ཧེམ་རུ་ཁག་དང་ལྡན་པའི་སྤྲི་རྫས་ཀྱི་སྡེ་གང་རུང་རུང་ཞིག་ལ་ཟེར་ཞིང་། དེའི་ཁོངས་སུ་འཚོ་རླུང་དང་རླངས་རྫས་གཞན་ལ་འཆིང་སྦྱོར་ཐུབ་པའི་ཤ་གནད་ཟླུམ་སྤྲི་དང་ཁྲག་དམར་སྤྲི་རྫས་ལ་སོགས་པ་ཚུད་ཡོད།
ཟླུམ་སྤྲི།
biol. Protein in hemoglobin, the oxygen-carrying compound of red blood cells. ཁྲག་དམར་སྤྲི་རྫས་སུ་ཡོད་པའི་སྤྲི་རྫས་ཏེ་ཁྲག་དམར་ཕྲ་ཕུང་གི་འཚོ་རླུང་སྐྱེལ་འདྲེན་བྱེད་མཁན་གྱི་འདུས་རྡུལ་ལ་གོ
ཟློག་དྲུད།
phys. To move something heavy by pulling it along the ground ས་ངོས་ནས་དངོས་པོ་ལྗིད་མོ་ཞིག་འདྲུད་འཐེན་བྱས་པ་ལ་བརྟེན་ནས་འགུལ་སྐྱོད་བྱེད་དུ་འཇུག་པ།
ཟློག་ཤུགས།
phys. The force by which bodies repel one another. དངོས་པོ་ཕན་ཚུན་འབུད་པར་བྱེད་པའི་ཤུགས་ལ་གོ