ཚོས་གཅིག་གི
phys. Having or appearing to have only one color. ཚོན་ཁྲ་རྐང་གཅིག་ཁོ་ན་ཡོད་པའམ་ཚོན་ཁྲ་རྐང་གཅིག་ཁོ་ནར་མངོན་པར།
ཚོས་གཅིག་མཐོང་ཚོར།
biol. Vision in which the light receptors are sensitive to only one light wavelength and white light. This results in what is commonly referred to as black-and-white vision. འོད་ཟེར་སྣེ་ལེན་པ་དག་འོད་ཀྱི་རླབས་ཐག་གཅིག་དང་འོད་དཀར་པོ་ཁོ་ནར་ཚོར་བ་སྐྱེན་པོ་ཡོད་པའི་མཐོང་ཚོར་ཞིག་སྟེ། འདི་ལ་བརྟེན་ནས་ཡོངས་གྲགས་སུ་དཀར་ནག་གི་མཐོང་ཚོར་ཞེས་པ་དེ་འབྱུང་གི་ཡོད།
ཚོས་གཅིག་འོད་ཟེར།
phys. Light made of only one color and therefore waves of only one wavelength and frequency. ཁ་དོག་གཅིག་ཁོ་ནས་གྲུབ་པའི་འོད་ཡིན་པས་རླབས་ཐག་དང་ཟློས་ཕྱོད་གཅིག་རྐྱང་ཡིན་པའི་རླབས་ཡིན།
ཚོས་གཞི་ཚགས་ཆས།
phys. A photographic filter made of colored glass that modifies the light striking the film by selectively absorbing colors. It is used when taking photographs through haze. བདམ་གསེས་ཀྱི་སྒོ་ནས་ཁ་དོག་འཇིབ་པ་ལ་བརྟེན་ནས་སྤྱིན་ཤོག་གི་ངོས་སུ་ཕོག་པའི་འོད་ལ་འགྱུར་བ་གཏོང་ཐུབ་པའི་ཚོན་མདོག་ཅན་གྱི་ཤེལ་བཟོས་ཚགས་ཆས་ཤིག་ལ་གོ་ཞིང་། སྨུག་འཐིབ་པའི་རླུང་ཁམས་རྒྱུད་ནས་དཔར་ལེན་པར་བེད་སྤྱོད་བྱེད།
ཚོས་གཟུགས་ X / ཚོས་ཕུང་ X
biol. The sex chromosome associated with female characteristics in mammals, occurring paired in the female and single in the male. ནུ་གསོས་སྲོག་ཆགས་མོའི་ཁྱད་ཆོས་དང་འབྲེལ་བ་ཡོད་པའི་མཚན་མའི་ཚོས་གཟུགས་དེ་ལ་གོ་ཞིང་། མོའི་ནང་དུ་ཆ་བྱས་ནས་འབྱུང་ཞིང་། ཕོའི་ནང་དུ་ཡ་བྱས་ནས་འབྱུང་།