Encyclopedia

ཚད་མཐོའི་ཟློས་ཕྱོད།

phys. A radio frequency in the range 3×109-0.3×109 Hz; i.e. having a wavelength in the range 10 cm to 1m. ཟློས་ཕྱོད་ཀྱི་ཁྱབ་ཚད་ 3×109ནས་ 0.3×109 Hz དབར་ཡིན་པ་སྟེ། རླབས་ཐག་གི་ཁྱབ་ཚད་10 cm ནས་1m དབར་ཡིན་པའི་རླུང་འཕྲིན་གྱི་རླབས།

By wisdmlabs |
DETAIL

ཚད་འབྲས་རིག་པ།

phys. Study of how size affects the relationship among weight, strength, and surface area. ཆེ་ཆུང་གི་ཚད་ཀྱིས་ལྗིད་ཚད་དང་། ཤུགས་ཚད། ཕྱི་ངོས་རྒྱ་ཁྱོན་བཅས་ལ་ཤུགས་རྐྱེན་གང་འདྲ་སྤྲོད་མིན་ལ་སློབ་སྦྱོང་བྱེད་པའི་རིག་པ།

By wisdmlabs |
DETAIL

ཚད་རྟགས།

The information indicated by a gauge or graduated instrument. འཇལ་ཆས་ཤིག་གམ་ཚད་རྟགས་བཀོད་པའི་ཡོ་ཆས་ཀྱིས་གསལ་སྟོན་བྱས་པའི་ཆ་འཕྲིན།

By wisdmlabs |
DETAIL

ཚད་རྟགས།

phys. A series of marks in a line with regular spaces between them for measuring, or an object for measuring marked in this way. ཚད་འཇལ་པའི་ཆེད་དུ་ཐིག་ཅིག་གི་སྟེང་དུ་བྲིས་པའི་བར་མཚམས་ཆ་མཉམ་པའི་རྟགས་བསྟར་མ་ཞིག་གམ། ཡང་ན་འདི་ལྟ་བའི་རྟགས་བཀོད་ཡོད་པའི་འཇལ་ཆས་ཤིག

By wisdmlabs |
DETAIL

ཚད་རྡུལ་ཁ་དོག་འགུལ་རིག

phys. A gauge theory that describes the strong interaction in terms of quarks and antiquarks and the exchange of massless gluons between them. ཁོག་རྡུལ་དང་ལྡོག་མའི་ཁོག་རྡུལ་གཉིས་ཀྱི་ངོ་བོ་དང་། དེ་གཉིས་དབར་དུ་གདོས་མེད་གྱི་རྒུལ་ཨོན་རྡུལ་བརྗེ་རེས་བྱེད་པའི་རྣམ་པ་བེད་སྤྱད་དེ་དྲག་ཤུགས་འགྲེལ་བཤད་བྱེད་པའི་ཚད་ལྡན་གྱི་རྣམ་གཞག་ཅིག

By wisdmlabs |
DETAIL

ཚད་རྡུལ་གནས་བབ།

phys. A state of a quantized system which is described by a set of quantum numbers. ཚད་རྡུལ་གྱི་གྲངས་ཀའི་སྡེ་ཚན་ཞིག་གིས་འགྲེལ་བརྗོད་བྱེད་པའི་ཚད་རྡུལ་གྱི་རྣམ་པར་ཡོད་པའི་མ་ལག་ཅིག་གི་གནས་བབ་ཅིག

By wisdmlabs |
DETAIL

ཚད་རྡུལ་གྲངས།

phys. One of a set of integers or half-integers characterizing the energy states of a particle or system of particles. རྡུལ་ཞིག་གམ་རྡུལ་གྱི་མ་ལག་ཅིག་གི་ནུས་པའི་གནས་བབ་མཚོན་པར་བྱེད་པའི་ཧྲིལ་གྲངས་སམ་ཕྱེད་ཧྲིལ་གྲངས་ཀྱི་ཚན་པའི་ནང་གི་གྲངས་ཀ་གང་རུང་རུང་ཞིག

By wisdmlabs |
DETAIL
TOP