མགྱོགས་ཚད།
phys. How fast something moves; the distance an object travels per unit of time; the magnitude of velocity. Speed=distance/time དངོས་པོ་ཞིག་ཇི་ཙམ་མགྱོགས་པོར་འགུལ་བའི་ཚད། དུས་ཀྱི་བརྩི་གཞི་རེའི་ནང་དུ་བགྲོད་པའི་ལམ་ཐག མྱུར་ཚད་ཀྱི་འབོར་ཚད། མགྱོགས་ཚད། = ལམ་ཐག / དུས།
མགོ་བསྐོན་ཉན་ཆས།
phys. A pair of earphones joined by a band placed over the head, for listening to audio signals such as music or speech. རོལ་དབྱངས་སམ་གཏམ་བཤད་ལྟ་བུའི་སྐད་སྒྲའི་བརྡ་འཕྲིན་ལ་ཉན་བྱེད་དུ་སྤྱོད་ཅིང་མགོ་ཐོག་ཏུ་གྱོན་པའི་ལུང་ཐག་གིས་སྦྲེལ་བའི་རྣ་འཇུག་ཉན་ཆས་ཆ་གཅིག