མིའི་བསེ་མོག་གཉན་སྲིན། (ཨེཆ་ཕི་ཝི།)
biol. Any of various viruses that can cause genital warts and several types of cancer, especially cervical cancer. ཕོ་མོའི་མཚན་མར་པགས་མཛེར་གྱི་ནད་དང་། འབྲས་ནད་ཀྱི་རིགས་འགའ་ཤས། བྱེ་བྲག་ཏུ་མངལ་ཁའི་འབྲས་ནད་སྐྱེད་པར་བྱེད་པའི་གཉན་སྲིན་གང་རུང་རུང་ཞིག
མིའི་རིགས་རྫས།
biol. All the genetic information in a person. The human genome is made up of the DNA in chromosomes as well as the DNA in mitochondria. མི་ཞིག་གི་ནང་དུ་ཡོད་པའི་རིགས་རྫས་ཀྱི་ཆ་འཕྲིན་ཡོངས་རྫོགས་ལ་གོ མིའི་རིགས་རྫས་ནི་ཚོས་གཟུགས་སུ་ཡོད་པའི་ཌི་ཨེན་ཨེ་ཡིས་གྲུབ་ཡོད་ལ་ནུས་སྐྱེད་དབང་ཕྲ་རུ་ཡོད་པའི་ཌི་ཨེན་ཨེ་ཡིས་ཀྱང་གྲུབ་ཡོད།
མིའི་ལྗིད་ནོམ་ལས་གཞི། མིའི་ལྗིད་ནོམ་ལས་འཆར།
biol. An international, multiyear project that discovered the sequence of all 3 billion base pairs that make up the human genome. འགྲོ་བ་མིའི་ལྗིད་ནོམ་གྲུབ་བྱེད་ཀྱི་བུལ་ཟུང་ཐེར་འབུམ་གསུམ་པོ་ཡོངས་སུ་རྫོགས་པའི་བསྟར་ཕྲེང་གསར་རྙེད་བྱེད་པར་བསྒྲུབས་པའི་ལོ་མང་རིང་གི་རྒྱལ་སྤྱིའི་རང་བཞིན་གྱི་ལས་འཆར་ཞིག