མཁྲིས་ཁུ། མཁྲིས་པ།
biol. A bitter greenish-brown alkaline fluid which aids digestion and is secreted by the liver and stored in the gall bladder. མཆིན་པས་གློད་འདོན་བྱེད་ཅིང་མཁྲིས་སྣོད་དུ་གསོག་ཉར་བྱེད་པ་དང་། ཟས་འཇུ་བར་ཕན་གྲོགས་བྱེད་པའི་བུལ་ཚྭའི་རང་བཞིན་ཅན་གྱི་མདོག་ལྗང་སྨུག་གི་གཤེར་ཁུ་ཁ་ཏིག་ཅིག
མཁྲིས་སྣོད།
biol. A small, pear-shaped muscular sac under the right lobe of the liver, where bile secreted by the liver is stored until needed by the body for digestion. མཆིན་པའི་གཡས་འདབ་ཀྱི་འོག་ཏུ་ཡོད་ཅིང་སིལ་ཏོག་ལིའི་དབྱིབས་ཅན་ཡིན་པའི་ཤ་སྒྲིམ་གྱི་ཁུག་མ་ཞིག་ལ་གོ་ཞིང་། མཁྲིས་པས་གློད་འདོན་བྱས་པའི་མཁྲིས་ཁུ་ལུས་པོའི་ནང་དུ་ཟས་འཇུ་བའི་ཆེད་དུ་བེད་སྤྱོད་མ་བྱས་པའི་སྔོན་དུ་མཁྲིས་སྣོད་དུ་གསོག་ཉར་བྱེད་ཀྱི་ཡོད།
མཁྲེགས་གཟུགས། སྲ་གཟུགས།
phys. Phase of matter characterized by definite volume and shape. བོངས་ཚད་དང་དབྱིབས་ངེས་ཅན་གྱི་ཐུན་མིན་ཁྱད་ཆོས་ཡོད་པའི་བེམ་གཟུགས་ཀྱི་གནས་བབ།