བུ་ག་ནག་པོ།
phys. Concentration of mass resulting from gravitational collapse, near which gravity is so intense that not even light can escape. འཐེན་ཤུགས་ཀྱི་རྡིབ་སྐྱོན་ལ་བརྟེན་ནས་གྲུབ་པའི་གདོས་ཚད་ཀྱི་འདུས་གོང་སྟེ་འདིའི་འགྲམ་དུ་འཐེན་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ཐ་ན་འོད་ཀྱང་ཐར་མི་ཐུབ།
བུད་རྫས་གློག་སྨན།
phys. A device that converts chemical energy to electrical energy, but unlike a battery is continually fed with fuel, usually hydrogen. རྫས་ནུས་དེ་གློག་ནུས་སུ་སྒྱུར་བའི་ཡོ་བྱད་ཅིག འོན་ཀྱང་གློག་སྨན་ཞིག་དང་མི་མཚུངས་པར་དུས་རྟག་ཏུ་བུད་རྫས་ཏེ་ཡང་རླུང་མཁོ་སྤྲོད་བྱེད་དགོས་པ་ཡིན།
བུད་རྫས་བསྲི་ཚགས།
phys. The amount of fuel required to move a machine over a given distance. འཕྲུལ་འཁོར་ཞིག་རྒྱང་ཐག་ངེས་ཅན་ཞིག་བགྲོད་པར་མཁོ་བའི་བུད་རྫས་ཀྱི་འབོར་ཚད་ལ་གོ