Encyclopedia

བརྡར་ཤུགས།

phys. Force that acts to resist the relative motion (or attempted motion) of objects or materials that are in contact. ཐུག་ཡོད་པའི་དངོས་པོའམ་དངོས་རྫས་ཀྱི་ལྟོས་བཅས་ཀྱི་འགུལ་སྐྱོད་ (རྩོལ་བ་བྱས་པའི་འགུལ་སྐྱོད་) འགོག་པར་བྱེད་པའི་ཤུགས།

By wisdmlabs |
DETAIL

བརྡར་སྤྲི།

chem. A protease enzyme secreted in vertebrates by the pancreas to digest dietary proteins. སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་ནང་དུ་ཟ་མའི་ནང་གི་སྤྲི་རྫས་འཇུ་བའི་ཆེད་དུ་གཤེར་རྨེན་གྱིས་གློད་འདོན་བྱེད་པའི་སྤྲི་བཤིག་སྨིན་རྫས་ཤིག

By wisdmlabs |
DETAIL

བརྩི་གཞི།

phys. A specified measure of a physical quantity, such as length, mass, time, etc., specified multiples of which are used to express magnitudes of that physical quantity. གཟུགས་ཅན་གྱི་ཁྱད་ཆོས་རིང་ཚད་དང་། གདོས་ཚད། དུས་ཚོད་སོགས་ཀྱི་ངེས་ཅན་ཚད་འཇལ་ཞིག […]

By wisdmlabs |
DETAIL

བརླ་རྒྱབ་ཤ་སྒྲིམ།

biol. Any of three muscles at the back of the thigh that function to flex and rotate the leg and extend the thigh. རྐང་པ་བཀུག་འགུལ་བྱེད་པ་དང་། བསྐོར་བ་བྱེད་པ། བརླ་ཤ་སྣར་རྐྱོང་བྱེད་པ་བཅས་ཀྱི་བྱེད་ལས་སྤེལ་མཁན་བརླ་རྒྱབ་ཀྱི་ཤ་སྒྲིམ་གསུམ་གྱི་གང་རུང་ཞིག

By wisdmlabs |
DETAIL

བརླན་ས།

biol. A lowland area, such as a marsh or swamp, that is saturated with moisture ན་ཁུག་གམ་འདམ་གཞུང་ལྟ་བུའི་བརླན་གཤེར་གྱིས་ཡོངས་སུ་སྦངས་བའི་ས་ཁུལ་དམའ་མོ་ཞིག

By wisdmlabs |
DETAIL

བྲག་ཆ་གནས་འཚོལ།

phys. A process in which animals, for example bats find their way in the dark by producing sound wave that echo when they are reflected off an object. ཕ་ཝང་ལྟ་བུའི་སེམས་ཅན་གྱིས་སྐྲུན་པའི་སྒྲ་རླབས་དེ་དངོས་གཟུགས་ཤིག་ལ་ཕོག་སྟེ་ཕྱིར་ལྡོག་པའི་བྲག་ཆ་ལ་བརྟེན་ནས་ནག་ཁུང་དུ་རང་གི་བགྲོད་ལམ་འཚོལ་བའི་རྒྱུད་རིམ་ཞིག

By wisdmlabs |
DETAIL

བྲག་ཆ།

phys. Reflecting of sound. སྒྲ་ཡི་ལྡོག་འཕྲོ།

By wisdmlabs |
DETAIL

བྲག་བྱེའུ།

biol. A seed-eating songbird that typically has a stout bill and colorful plumage. མཆུ་ཏོ་མཁྲེགས་པོ་དང་གཤོག་སྒྲོ་ཚོན་མདངས་ཅན་གྱི་བྱེའུ་སྐད་སྙན་པོ་དང་ལྡན་ཞིང་ས་བོན་ཟས་སུ་སྤྱོད་མཁན་ཞིག

By wisdmlabs |
DETAIL
TOP