Encyclopedia

བད་ཀན།

biol. One of the four humors of ancient and medieval physiology, thought to cause sluggishness, apathy, and evenness of temper. སྔ་དུས་དང་དུས་རབས་བར་མའི་ལུས་ཁམས་གནས་ལུགས་རིག་པའི་ཁྲོད་དུ་ངོས་འཛིན་བྱེད་པའི་ལུས་ཀྱི་ཆུ་སེར་བཞི་ཡི་ཡ་གྱལ་ཞིག གཤིས་སྤྱོད་ཉོབ་པོ་དང་། སྤྲོ་སྣང་ཞན་པོ། བཏང་སྙོམས་རང་བཞིན་བཅས་སྐྱེད་པར་འདོད།

By wisdmlabs |
DETAIL

བད་རྩིའི་ཕྱི་ཤུན། བད་ཤུན།

neurosci. A layer of myelin surrounding the axons of some neurons དབང་རྩ་ཕྲ་གཟུགས་ཁག་ཅིག་གི་བརྡ་སྐྱེལ་རྩ་ཕྲན་གྱི་མཐའ་རུ་གཡོགས་པའི་བད་རྩིའི་རིམ་པ་ལ་གོ

By wisdmlabs |
DETAIL

བད་ཤུན་གྲུབ་རིམ།

neurosci. The formation of the myelin sheath around a nerve fiber. དབང་རྩའི་ཉག་མ་ཞིག་གི་མཐའ་འཁོར་དུ་བད་རྩིའི་ཕྱི་ཤུན་གྲུབ་པའི་རིམ་པ་ལ་ཟེར།

By wisdmlabs |
DETAIL

བདག་ཉར།

Maintain (something) in its original or existing state. (དངོས་པོ་ཞིག་) རང་གི་ཐོག་མའི་གནས་བབ་བམ་ད་ལྟའི་གནས་བབ་ལ་རྒྱུན་གནས་བྱེད་དུ་འཇུག་པ།

By wisdmlabs |
DETAIL
TOP