ཕྱི་སྒྲོམ།
biol. A hard outer structure, such as the shell of an insect or crustacean, that provides protection or support for an organism. འབུ་སྲིན་ནམ་ཤུན་སྐོགས་ཅན་གྱི་སྲོག་ཆགས་ཀྱི་ཕྱི་སྐོགས་ལྟ་བུའི་ཕྱི་ངོས་ཀྱི་ཆ་ཤས་མཁྲེགས་པོ་དེ་ལ་གོ་ཞིང་། སྲུང་སྐྱོབ་དང་སྐྱོར་བྱེད་ཀྱི་ནུས་པ་འདོན།
ཕྱི་སྒོར་ལྟེ་གནས།
math. The center of a circle that circumscribes a triangle. ཟུར་གསུམ་མ་ཞིག་གི་ཕྱི་རུ་བྲིས་པའི་སྒོར་དབྱིབས་ཀྱི་ལྟེ་གནས།
ཕྱིར་གཡོ་དབང་རྩ། ཕྲེད་གཡོ་དབང་རྩ།
neurosci. Each of the sixth pair of cranial nerves, supplying the muscles concerned with the lateral movement of the eyeballs. ཐོད་རུས་དབང་རྩ་ཆ་དྲུག་པའི་དབང་རྩ་གང་རུང་ཞིག་ལ་གོ་ཞིང་། མིག་རིལ་ཕྲེད་དུ་འགུལ་སྐྱོད་བྱེད་དུ་འཇུག་མཁན་གྱི་ཤ་སྒྲིམ་ལ་བརྡ་འཕྲིན་མཁོ་སྤྲོད་བྱེད།