ཕྲ་ཕུང་ནང་འདྲེན།
biol. A process of cellular ingestion by which the plasma membrane folds inward to bring substances into the cell. ཕྲ་ཕུང་གི་སྐྱི་མོ་ནང་ཕྱོགས་སུ་ལྟེབ་རྩེག་རྒྱབ་སྟེ་ཕྲ་ཕུང་གི་ནང་དུ་བེམ་རྫས་ལེན་པར་བྱེད་པའི་ཕྲ་ཕུང་གི་ནང་འཇིབ་ཀྱི་རྒྱུད་རིམ་ཞིག [ཕྲ་ཕུང་ཞིག་གིས་ལུས་གཟུགས་ཆུང་བ་བཏུམ་པར་བྱེད་ཚུལ།]
ཕྲ་ཕུང་ཕྱི་འདྲེན།
biol. A process by which the contents of a cell vacuole are released to the exterior through fusion of the vacuole membrane with the cell membrane. ཕྲ་ཕུང་ནང་གི་སྦུག་སྟོང་གི་སྐྱི་མོ་དེ་ཕྲ་ཕུང་གི་སྐྱི་མོར་འབྱར་བ་ལ་བརྟེན་ནས་སྦུག་སྟོང་གི་ནང་རྫས་ཕྱི་རོལ་དུ་འབུད་པའི་རྒྱུད་རིམ་ལ་གོ
ཕྲ་ཕུང་ཕྱི་ཤུན།
biol. A rigid or semi-rigid boundary layer of the cells of plants, fungi and bacteria. The cell wall of all cells lies outside the plasma membrane and is therefore extracellular. […]
ཕྲ་ཕུང་ཕྲ་ཚི།
biol. The semi-fluid contents within the plasma membrane of a cell, excluding the nucleus. ཕྲ་ཕུང་ཞིག་གི་ཆུ་སེར་སྐྱི་མོའི་ནང་དུ་ཡོད་པའི་ལྟེ་ཉིང་མ་རྩིས་པའི་ཕྱེད་གཤེར་ཁུའི་གྲུབ་ཆ་དག་ལ་གོ