ཕྱོགས་འབོར་དངོས་པོ།
phys. A quantity in which both the magnitude and the direction must be stated. Force, velocity, and field strength are examples of vector quantities. ཁ་ཕྱོགས་དང་འབོར་ཚད་གཉིས་ངེས་པར་དུ་གསལ་ཁ་འདོན་དགོས་པའི་གྲངས་འབོར་ཞིག ཤུགས་དང་། མྱུར་ཚད། ར་བའི་ཤུགས་ཚད་བཅས་ནི་ཕྱོགས་འབོར་དངོས་པོའི་དཔེ་མཚོན་ཡིན།
ཕྱོགས་འབོར་དངོས་པོའི་གྲུབ་ཆ།
phys. Two or more vectors that produce the same effect as a given vector; the vectors that combine to produce the effect of a resultant vector. ངེས་པའི་ཕྱོགས་འབོར་དངོས་པོ་ཞིག་དང་མཚུངས་པའི་ཁྱད་ཆོས་འདོན་ཐུབ་པའི་ཕྱོགས་འབོར་དངོས་པོ་གཉིས་སམ་གསུམ་གྱི་མིང་། ལྷན་གཅིག་ཏུ་སྡོམ་ན་འབྲས་བུའི་ཕྱོགས་འབོར་དངོས་པོ་གཅིག་གི་ཁྱད་ཆོས་སྟོན་ཐུབ་པའི་ཕྱོགས་འབོར་དངོས་པོ་ཁག་ཅིག
ཕྱོགས་ལྡན་འབོར་ཚད།
phys Quantity in physics that has both magnitude and direction. Examples are force, velocity, acceleration, torque, and electric and magnetic fields. ཆ་ཚད་དང་ཁ་ཕྱོགས་གཉིས་ཀ་དང་ལྡན་པའི་དངོས་ཁམས་ཚན་རིག་ཏུ་སྤྱོད་པའི་འབོར་ཚད། དཔེར་ན། ཤུགས་དང་། མྱུར་ཚད། མྱུར་སྣོན། གཅུས་ཤུགས། གློག་ར། ཁབ་ལེན་ར་བ་ལྟ་བུའོ།
ཕྱོགས་ལྡན་སྡོམ་ཐོབ།
math. A vector whose length and direction are represented by the diagonal of a parallelogram whose sides represent the given vectors མཉམ་འགྲོ་མཐའ་བཞི་མ་ཞིག་གི་གཞོགས་གཉིས་ཀྱིས་ཕྱོགས་འབོར་དངོས་པོ་གཉིས་མཚོན་པའི་སྐབས་སུ། མཉམ་འགྲོ་མཐའ་བཞི་མ་དེའིི་གཏད་ཐིག་གིས་རིང་ཚད་དང་ཁ་ཕྱོགས་གཉིས་ཀ་མཚོན་པའི་ཕྱོགས་འབོར་དངོས་པོ་དེ་ལ་གོ
ཕྱོགས་ལྡན་སྡོམ་རྩིས།
math. The combining of vectors by adding corresponding components ཕྱོགས་མཚུངས་པའི་གྲུབ་ཆ་སྡོམ་པ་ལ་བརྟེན་ནས་ཕྱོགས་འབོར་དངོས་པོ་དུ་མ་ཟླ་སྒྲིལ་བྱེད་པ་ལ་གོ