ཕྱོགས་བསྡོམས།
math. The act or process of adding; addition. སྣོན་པའི་བྱ་བའམ་རྒྱུད་རིམ་སྟེ། སྡོམ་རྩིས།
ཕྱོགས་མཉམ།
phys. (of an object or substance) having a physical property that has the same value when measured in different directions. ཁ་ཕྱོགས་གང་དུ་ཚད་འཇལ་བྱས་ཀྱང་ཕྱིའི་ཁྱད་ཆོས་ཀྱི་འབོར་ཚད་འགྱུར་མེད་ཡིན་པའི་ (དངོས་པོའམ་དངོས་རྫས་ཀྱི་)།
ཕྱོགས་མི་མཉམ།
phys. Not isotropic; having different physical properties in different directions ཕྱོགས་མཉམ་མིན་པ་སྟེ། ཁ་ཕྱོགས་མི་འདྲ་བའི་ཕྱོགས་སུ་ཕྱིའི་དངོས་པོའི་ཁྱད་ཆོས་ཀྱང་མི་འདྲ་བ་ཡོད་པ།
ཕྱོགས་མེད་འབོར་ཚད།
phys. Quantity in physics, such as mass, volume, and time, that can be completely specified by its magnitude and has no direction. གདོས་ཚད་དང་། བོངས་ཚད། དུས་ལྟ་བུ་གྲངས་འབོར་ཁོ་ནས་ཡོངས་སུ་མཚོན་ཐུབ་ཅིང་ཁ་ཕྱོགས་མེད་པའི་དངོས་ཁམས་ཚན་རིག་གི་འབོར་ཚད།