Encyclopedia

པགས་ཚིལ།

biol. Adipose tissue located beneath the skin. པགས་པའི་འོག་ཏུ་ཡོད་པའི་ཚུལ་བཟུང་ཕུང་གྲུབ་ཅིག

By wisdmlabs |
DETAIL

པད་པ།

biol. An aquatic or terrestrial annelid worm with suckers at both ends. Many species are bloodsucking parasites, especially of vertebrates, and others are predators. སྣེ་གཉིས་སུ་འཇིབ་བྱེད་ཀྱི་ཁ་ཡོད་པའི་ཚིགས་འབུ་ཆུའམ་སྐམ་ས་གང་རུང་དུ་གནས་པ་ཞིག ཉེ་རིགས་ཕལ་ཆེ་བ་ཁྲག་འཇིབ་མཁན་གྱི་གཞན་རྟེན་སྲོག་ཆགས་ཡིན་ཞིང་། གཞན་རྣམས་ནི་སྲོག་ཆགས་གཞན་ཟས་སུ་སྤྱོད་མཁན་ཡིན།

By wisdmlabs |
DETAIL

པཡེ་ཐ་གྷོ་རའི་རྣམ་གཞག

math. A theorem attributed to Pythagoras that the square of the hypotenuse of a right triangle is equal to the sum of the squares of the other two sides. པཡེ་ཐ་གྷོ་རསི་ཡིས་གཏན་ལ་ཕབ་པའི་གཏན་ཁྲིམས་ཤིག་སྟེ་དྲང་ཟུར་ཟུར་གསུམ་མ་ཞིག་གི་གསེག་མཐའི་རང་སྒྱུར་ནི་དྲང་མཐའ་གཉིས་ཀྱི་རང་སྒྱུར་གྱི་སྡོམ་ཐོབ་དང་མཚུངས།

By wisdmlabs |
DETAIL

པར་ཀིན་ཇི་ཕྲ་ཕུང་།

neurosci. A nerve cell of a large, branched type found in the cortex of the cerebellum. ཀླད་སྙིང་ཀླད་ཤུན་གྱི་ནང་དུ་གནས་པའི་ཆེ་ཞིང་ཡན་ལག་མང་བའི་དབང་རྩ་ཕྲ་ཕུང་ཞིག

By wisdmlabs |
DETAIL

པར་ཀིན་སོན་གྱི་ནད། (རྩ་དཀར་གྱི་ནད་ཅིག)

biol. A disease of the brain, usually in older people, that tends to become more severe over time. Symptoms include shaking, slowed movement, and rigid muscles. སྤྱིར་བཏང་མི་རྒན་པར་འབྱུང་ཞིང་རིམ་གྱིས་ཇེ་སྡུག་ཏུ་འགྲོ་བའི་ཀླད་པའི་ན་ཚ་ཞིག་ལ་གོ་ཞིང་། ནད་རྟགས་སུ་འདར་བ་དང་། འགུལ་སྐྱོད་དལ་མོ། ཤ་སྒྲིམ་རེངས་པོར་འགྱུར་བ་བཅས་འབྱུང་།

By wisdmlabs |
DETAIL

པར་སེག གཞུ་ཁུག་སྐར་ཆ།

phys. A unit of length used to express astronomical distance. The distance at which the mean radius of the earth’s orbit subtends an angle of one second of arc. One […]

By wisdmlabs |
DETAIL
TOP