ནུས་རིམ།
phys. A definite stable energy that a physical system can have; used especially of the state of electrons in atoms or molecules ཕྱིའི་དངོས་པོའི་མ་ལག་ཅིག་ལ་ཡོད་ཆོག་པའི་བརྟན་ཞིང་ཚད་ངེས་ཅན་གྱི་ནུས་པ་སྟེ། སྤྱིར་བཏང་རྡུལ་ཕྲན་ནམ་འདུས་རྡུལ་གྱི་ནང་དུ་ཡོད་པའི་གློག་རྡུལ་གྱི་གནས་བབ་ལ་བེད་སྤྱོད་བྱེད།
ནུས་ལེན་རྫས་སྦྱོར།
chem. A chemical change that is accompanied by an absorption of heat དྲོད་ནུས་འཇིབ་པ་དང་ལྷན་དུ་འབྱུང་བའི་རྫས་ཀྱི་འགྱུར་བ་ཞིག [ནུས་པ་ལེན་པའི་རྫས་སྦྱོར།]
ནུས་སྐྱེད་དབང་ཕྲ།
biol. The outer layer of the mammalian blastocyst that supplies nutrition to the embryo and facilitates implantation. ནུ་གསོས་སྲོག་ཆགས་ཀྱི་མྱུག་གཟུགས་ཀྱི་རིམ་པ་ཕྱི་མ་ལ་ཟེར་ཞིང་། འདིས་སྦྲུམ་སྲིང་ལ་འཚོ་བཅུད་མཁོ་སྤྲོད་བྱེད་པ་དང་། ཐོགས་འབྱར་ལ་མཐུན་སྦྱོར་བྱེད།
ནུས་སྐྱེད་དབང་ཕྲ།
biol. Structure in the cytoplasm of all cells except bacteria and archaea, where food molecules are broken down to produce usable energy in the form of ATP. སྲིན་བུ་དང་ཨར་ཀི་ཕྲ་སྲིན་ཕུད་པའི་ཕྲ་ཕུང་གཞན་ཚང་མའི་ཕྲ་ཚིའི་ནང་དུ་ཡོད་པའི་དབང་ཕྲ་ཞིག་ལ་གོ་ཞིང་། འདིའི་ནང་ནས་ཟ་མའི་འདུས་རྡུལ་ཞིབ་ཞིབ་བཟོས་ཏེ་ཨེ་ཊི་པིའི་རྣམ་པའི་ཐོག་ནས་སྤྱོད་རུང་ནུས་པ་སྐྱེད་སྐྲུན་བྱེད།
ནུས་སྒྱུར་འཁྲུག་ནད།
biol. Metabolic disease, any of the diseases or disorders that disrupt normal metabolism, the process of converting food to energy on a cellular level. Thousands of enzymes participating in numerous […]