ནང་དུ་བསྡུ་བ། ནང་འདྲེན། ནང་འཇིབ། ནང་ལ་རྔུབ་པ། མིད་པ།
biol. The process of absorbing nutrients or medications into the body by eating or drinking them. ཟ་བའམ་འཐུང་བའི་བྱ་བ་ལ་བརྟེན་ནས་ལུས་པོའི་ནང་དུ་འཚོ་བཅུད་དམ། སྨན་ནང་འདྲེན་བྱེད་པའི་རྒྱུད་རིམ་ཞིག
ནང་ནུས།
phys. The total energy stored in the atoms and molecules within a substance. Changes in internal energy are of principal concern in thermodynamics. དངོས་རྫས་ཤིག་གི་རྡུལ་ཕྲན་དང་འདུས་རྡུལ་གྱི་ནང་དུ་གསོག་ཉར་བྱས་པའི་ཁྱོན་སྡོམ་གྱི་ནུས་པ། ནང་ནུས་ལ་ཐེབས་པའི་འགྱུར་བ་ནི་དྲོད་ཤུགས་རིག་པའི་དོ་སྣང་བྱ་ཡུལ་གཙོ་བོ་དེ་ཡིན།
ནང་པགས། འོག་པགས།
biol. The layer of loose connective tissue beneath the skin, typically containing some or many fat cells as well as blood vessels and nerves. པགས་པའི་འོག་ཏུ་ལྷོད་པོར་ཡོད་པའི་མཐུད་སྦྱོར་ཕུང་གྲུབ་ཀྱི་རིམ་པ་སྟེ། དེའི་ནང་དུ་གཙོ་བོ་ཚིལ་ཞག་ཕྲ་ཕུང་འགའ་ཞིག་གམ་མང་པོ་ཡོད་ལ། ཁྲག་རྩ་དང་དབང་རྩ་ཡང་ཡོད་པ་ཡིན།
ནང་ཚོར་སྣེ་ལེན་པ།
neurosci. A specialized sensory nerve receptor that receives and responds to stimuli originating from within the body. ལུས་པོའི་ནང་རོལ་ནས་བྱུང་བའི་སྐུལ་རྐྱེན་ཚོར་ཞིང་དེ་ལ་ཡ་ལན་སྤྲོད་མཁན་གྱི་ཆེད་ལས་དབང་ཚོར་དབང་རྩ་ཕྲ་གཟུགས་ཤིག
ནང་འགྲིབ་ངན་པ།
biol. A severe eye disease that progresses rapidly and worsens despite surgical removal of the iris. མིག་གི་འཇའ་སྐྱི་གཤག་བཅོས་ལ་བརྟེན་ནས་ཕྱིར་བཏོན་ཡང་མགྱོགས་པོའི་སྒོ་ནས་ཇེ་མཐུ་དང་ཇེ་སྡུག་ཏུ་འགྲོ་བའི་མིག་ནད་ཚབས་ཆེན་ཞིག