དབང་རྩའི་སྐྱེ་དངོས། དབང་རྩའི་སྐྱེ་དངོས་རིག་པ།
neurosci. The study of the anatomy, physiology, and biochemistry of the nervous system དབང་རྩ་མ་ལག་གི་ཕུང་གནས་དང་། ལུས་གནས། སྐྱེ་དངོས་རྫས་སྦྱོར་བཅས་ལ་སློབ་སྦྱོང་བྱེད་པའི་རིག་པ།
དབང་རྩའི་སྟན།
neurosci. A thickened plate of dorsal ectoderm that differentiates into the neural tube and neural crest. དབང་རྩའི་སྦུ་གུ་དང་དབང་རྩའི་ཟེ་བའི་ངོ་བོར་ཁྱད་འགྱུར་འགྲོ་བའི་སྦྲུམ་སྲིང་གི་སྟེང་ངོས་ཕྱི་ཤུན་གྱི་མཐུག་པོར་གྱུར་བའི་སྟན་ཞིག
དབང་རྩའི་སྤྲི་རྩི།
neurosci. An endogenous peptide that influences neural activity or functioning. དབང་རྩའི་བྱེད་སྒོའམ་བྱེད་ལས་ལ་ཤུགས་རྐྱེན་སྤྲོད་མཁན་གྱི་ནང་སྐྱེད་སྤྲི་རྩི་ཞིག
དབང་རྩའི་སྦུ་གུ།
neurosci. The tube formed by the fusing of the NEURAL FOLDS in the vertebrate embryo from which the central nervous system develops. སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་སྦྲུམ་སྲིང་གི་དབང་རྩའི་ལྟེབ་མཉམ་སྡེབ་བྱས་པ་ལས་གྲུབ་ཅིང་རིམ་གྱིས་དབང་རྩ་ལྟེ་བའི་མ་ལག་གི་ངོ་བོར་འཚར་སྐྱེད་བྱེད་པའི་སྦུ་གུ་དེ་ལ་ཟེར།
དབང་རྩའི་སྨན་སྦྱོར། དབང་རྩའི་སྨན་སྦྱོར་རིག་པ།
neurosci. The study of the action of drugs on the nervous system. སྨན་རྫས་ཀྱིས་དབང་རྩ་མ་ལག་ལ་ནུས་པ་ཅི་འདྲ་འདོན་མིན་བརྟག་པའི་རིག་པ།
དབང་རྩས་ཁྱབ་པའི་རྒྱ་ཁྱོན།
neurosci. An area of skin innervated by sensory fibers from a single spinal nerve. རྒྱུངས་པའི་དབང་རྩ་ཕྲ་གཟུགས་རྐང་གཅིག་ནས་ཐོན་པའི་དབང་ཚོར་རྩིད་སྐུད་ཀྱིས་ཁྱབ་པའི་པགས་པའི་ས་ཁུལ་ཞིག