དབང་རྩའི་འཕྲིན་གཏོང་བྱ་བ།
neurosci. The transmission of nerve impulses between neurons or between a neuron and a muscle fibre or other structure. དབང་རྩ་ཕྲ་གཟུགས་གཉིས་ཀྱི་དབར་རམ། ཡང་ན་དབང་རྩ་ཕྲ་གཟུགས་གཅིག་དང་ཤ་སྒྲིམ་ཐག་རན་ནམ་བཀོད་པ་གཞན་ཞིག་གི་དབར་དུ་དབང་རྩའི་འཕར་བརྡ་བརྒྱུད་གཏོང་བྱེད་པ་ལ་གོ
དབང་རྩའི་རྩ་བ།
neurosci. The first part of a nerve as it leaves or joins the spinal column དབང་རྩ་ཞིག་རྒྱུངས་པ་དང་མཐུད་སའམ་རྒྱུངས་པ་ནས་ཐོན་སའི་ཆ་ཤས་ཐོག་མ་དེ་ལ་གོ
དབང་རྩའི་རྩ་འདུས།
neurosci. A group of closely connected nerve cells that perform a specific function. ཚགས་དམ་པོར་སྦྲེལ་མཐུད་བྱས་ཤིང་བྱེད་ལས་ངེས་ཅན་ཞིག་སྒྲུབ་མཁན་གྱི་དབང་རྩ་ཕྲ་ཕུང་གི་ཚོགས་འདུས་ཤིག་ལ་གོ
དབང་རྩའི་ལྟེབ།
neurosci. The raised edge of a neural plate, as the plate rolls to form the neural tube. དབང་རྩའི་སྟན་ཞིག་ལྟེབ་སྒྲིལ་བྱས་ཏེ་དབང་རྩའི་སྦུ་གུ་ཞིག་གྲུབ་ཏུ་འཇུག་པའི་སྐབས་ཀྱི་དབང་རྩའི་སྟན་དེའི་འབུར་དུ་ཐོན་པའི་ཟུར་གདོང་ལ་ཟེར།