དབང་རྩ་ཉེས་དུག
neurosci. A toxin that damages or destroys nerve tissue. དབང་རྩའི་ཕུང་གྲུབ་རྩ་མེད་དུ་གཏོང་མཁན་ནམ། ཡང་ན་དབང་རྩའི་ཕུང་གྲུབ་ལ་གནོད་སྐྱེལ་མཁན་གྱི་ཉེས་དུག
དབང་རྩ་དང་ཤ་སྒྲིམ་སྦྲེལ་མཚམས།
neurosci. Area where axons of a motor nerve form a synapse with the muscle that it innervates. འགུལ་སྐྱོད་དབང་རྩ་ཕྲ་གཟུགས་ཤིག་གི་བརྡ་སྐྱེལ་རྩ་ཕྲན་དང་བརྡ་སྐྱེལ་རྩ་ཕྲན་དེ་དག་གིས་བརྡ་འཕྲིན་གཏོང་སའི་ཤ་སྒྲིམ་གཉིས་ཀྱི་དབར་དུ་གྲུབ་པའི་མཐུད་མཚམས་ཀྱི་ས་ཁུལ་ལ་གོ
དབང་རྩ་ནད་འགོག་རིག་པ།
neurosci. The study of normal or abnormal immunological processes in or affecting the nervous system. དབང་རྩ་མ་ལག་གི་ནང་དུ་ཡོད་པའམ། ཡང་ན། དབང་རྩ་མ་ལག་ལ་གནོད་རྐྱེན་བྱེད་མཁན་གྱི་རྒྱུན་ལྡན་ནམ་རྒྱུན་ལྡན་མིན་པའི་ནད་འགོག་གི་རྒྱུད་རིམ་ལ་ཞིབ་འཇུག་བྱེད་པའི་རིག་པ།