དུ་བ་མཇུག་རིང།
phys. A celestial object consisting of a nucleus of ice and dust and, when near the sun, a ‘tail’ of gas and dust particles pointing away from the sun. ལྟེ་བ་འཁྱག་རོམ་དང་རྡུལ་གྱིས་གྲུབ་ཅིང་ཉི་མ་དང་ཐག་ཉེ་རུ་འགྲོ་སྐབས་རྡུལ་དང་རླངས་རྫས་ཀྱི་མཇུག་མ་ཞིག་ཉི་མའི་ལྡོག་ཕྱོགས་སུ་འཐེན་པར་བྱེད་པའི་བར་སྣང་གི་དངོས་པོ་ཞིག
དུག་ཅན་ཕྲ་ཕུང་ཊི།
biol. A type of immune cell that can kill certain cells, including foreign cells, cancer cells, and cells infected with a virus. གཞན་གྱི་ཕྲ་ཕུང་དང་། འབྲས་ནད་ཀྱི་ཕྲ་ཕུང་། གཉན་སྲིན་གྱི་གཉན་ཁ་ཕོག་པའི་ཕྲ་ཕུང་ལྟ་བུའི་ཕྲ་ཕུང་ངེས་ཅན་གསོད་མཁན་ནད་འགོག་ཕྲ་ཕུང་གི་རིགས་ཤིག
དུག་ཚད་འདར་བུ། མ་ལེ་རི་ཡ།
biol. An infectious disease of tropical areas that is caused by a parasite transmitted by mosquitoes. It causes repeated attacks of chills, fever, and sweating. དུག་སྦྲང་གིས་བརྒྱུད་སྤེལ་བྱས་པའི་གཞན་བརྟེན་སྐྱེ་དངོས་ཀྱིས་རྐྱེན་བྱས་པའི་ཚ་བའི་ས་ཁུལ་གྱི་གཉན་ཁ་ཅན་གྱི་ནད་ཅིག་ལ་ཟེར། ནད་འདི་ལ་བརྟེན་ནས་གྲང་ཤུམ་རྒྱག་པ་དང་ཚ་བ་རྒྱས་པ། རྔུལ་ཆུ་ཐོན་པ་སོགས་འབྱུང་།
དུག་སྲིན་ངོ་བཤུའི་བྱེད་རིམ།
biol. Viral replication is the formation of biological viruses during the infection process in the target host cells. གཉན་སྲིན་ངོ་བཤུའི་བྱེད་རིམ་ནི་དམིགས་འབེན་གནས་ཚང་ཕྲ་ཕུང་གི་ནང་དུ་གཉན་ཁ་འབྱུང་བའི་སྐབས་སུ་སྐྱེ་ལྡན་གཉན་སྲིན་གྲུབ་པའི་ཚུལ་ལ་ཟེར།