དབང་རྩའི་སྨན་སྦྱོར། དབང་རྩའི་སྨན་སྦྱོར་རིག་པ།
neurosci. The study of the action of drugs on the nervous system. སྨན་རྫས་ཀྱིས་དབང་རྩ་མ་ལག་ལ་ནུས་པ་ཅི་འདྲ་འདོན་མིན་བརྟག་པའི་རིག་པ།
དབང་རྩས་ཁྱབ་པའི་རྒྱ་ཁྱོན།
neurosci. An area of skin innervated by sensory fibers from a single spinal nerve. རྒྱུངས་པའི་དབང་རྩ་ཕྲ་གཟུགས་རྐང་གཅིག་ནས་ཐོན་པའི་དབང་ཚོར་རྩིད་སྐུད་ཀྱིས་ཁྱབ་པའི་པགས་པའི་ས་ཁུལ་ཞིག
དབང་ཤེས།
neurosci. The series of events required for an organism to receive a sensory stimulus, convert it to a molecular signal, and recognize and characterize the signal. སྐྱེ་དངོས་ཤིག་གིས་དབང་ཚོར་གྱི་སྐུལ་རྐྱེན་ཞིག་ལེན་པ་དང་། དེ་འདུས་རྡུལ་གྱི་བརྡ་འཕྲིན་དུ་བསྒྱུར་བ། དེ་ནས་བརྡ་འཕྲིན་དེ་ངོ་ཤེས་ཤིང་དེའི་ཁྱད་ཆོས་འདྲེན་པ་བཅས་བྱེད་པར་མཁོ་བའི་བསྟར་རིམ་ཅན་གྱི་བྱ་བ་དེ་དག་གོ
དབང་སྟན་ཆགས་ཚུལ། དབང་སྟན་ཆགས་རིམ།
Neurosci. (སྦྲུམ་སྲིང་གི་དབང་རྩའི་སྟན་ཆགས་པའི་ཚུལ་ལམ་ཆགས་པའི་རིམ་པ།)
དབྱངས་རྟགས།
phys. A written sign representing the pitch and duration of a musical note. རོལ་མོའི་དབྱངས་ཤིག་གི་དབྱངས་རྟ་དང་རིང་ཐུང་མཚོན་བྱེད་ཀྱི་མཚོན་རྟགས་བྲིས་མ་ཞིག
དབྱུག་དབྱིབས་ཕྲ་ཕུང་།
biol. A type of light-sensitive receptor cell present in the retinas of vertebrates. Rods contain the pigment rhodopsin and are essential for vision in dim light. སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་མིག་གི་དྲ་སྐྱི་ན་ཡོད་པའི་འོད་ཚོར་སྣེ་ལེན་ཕྲ་ཕུང་གི་རིགས་གཅིག དབྱུག་གཟུགས་ཕྲ་ཕུང་དུ་རོ་ཌོབ་སིན་ཞེས་པའི་ཚོན་རྫས་ཤིག་ཡོད་ཅིང་། འདི་ནི་འོད་གསལ་པོ་མེད་པའི་སྐབས་ཀྱི་མཐོང་ཚོར་ལ་མཁོ་གལ་ཆེ།