དབང་འཁྲུལ་ཙམ་པོ་བ།
neurosci. An externalized sensory image vivid enough to be a hallucination but recognized as unreal དབང་འཁྲུལ་དུ་འགྱུར་ཐུབ་མོད་ངོ་མ་མིན་པ་ཧ་གོ་བའི་ཕྱི་རོལ་གྱི་དབང་ཚོར་སྣང་བརྙན་གསལ་པོ་ཞིག
དབང་འཁྲུལ།
neurosci. An experience involving the apparent perception of something not present. དོན་དངོས་སུ་མེད་པའི་བྱ་དངོས་ཤིག་གིས་སྐྱེད་པའི་ལྟར་སྣང་གི་འདུ་ཤེས་ལྟ་བུའི་ཉམས་མྱོང་ཞིག་ལ་གོ
དབང་རྩ་གཤག་བཅོས་སྨན་པ།
neurosci. A surgeon specializing in surgery on the nervous system, especially the brain and spinal cord. དབང་རྩ་མ་ལག་སྟེ་བྱེ་བྲག་ཏུ་ཀླད་པ་དང་རྒྱུངས་པའི་གཤག་བཅོས་ལ་ཆེད་མཁས་ཡིན་པའི་གཤག་བཅོས་སྨན་པ།
དབང་རྩ་ཆ་ལག ཆ་ལག་དབང་རྩ།
neurosci. Either of the 11th pair of cranial nerves, which convey motor impulses to the pharynx and muscles of the upper thorax, back, and shoulders. བྲང་སྟོད་དང་། རྒྱབ། དཔུང་པ་བཅས་ཀྱི་ཤ་སྒྲིམ་དང་། མཚུལ་པ་ལ་འགུལ་སྐྱོད་ཀྱི་འཕར་བརྡ་སྤྲོད་མཁན་ཐོད་རུས་དབང་རྩ་ཆ་བཅུ་གཅིག་པའི་ནང་གི་གང་རུང་ཞིག
དབང་རྩ་ཆགས་ཚུལ།
neurosci. Development of nerves, nervous tissue, or the nervous system. དབང་རྩ་ཕྲ་གཟུགས་སམ། དབང་རྩའི་ཕུང་གྲུབ། ཡང་ན་དབང་རྩ་མ་ལག་གི་འཚར་སྐྱེད།