Encyclopedia

དགུ་ཚིགས་ཚོམ་བུ།

phys. Gravitationally bound grouping of galaxies, numbering from the hundreds to the tens of thousands. འཐེན་ཤུགས་ཀྱིས་བཅིངས་པའི་དགུ་ཚིགས་ཀྱི་སྡེ་ཚན་ཞིག་ལ་གོ་ཞིང་། དགུ་ཚིགས་བརྒྱ་ཕྲག་ནས་ཁྲི་ཕྲག་གིས་གྲུབ།

By wisdmlabs |
DETAIL

དགུ་ཚིགས་འཇོང་པོ།

phys. Elliptical galaxies appear like ellipsoidal clouds of stars, with very little internal structure apart from (in some cases) a denser nucleus. དགུ་ཚུགས་འཇོང་པོ་ནི་འཇོང་ཟླུམ་གྱི་སྐར་ཚོགས་ལྟར་མངོན་ཞིང་། (གནས་སྟངས་འགར་)ལྟེ་སྙིང་སྟུག་པོ་ཡོད་པ་མ་གཏོགས་ནང་ངོས་ཀྱི་བཟོ་བཀོད་ཧ་ཅང་ཉུང་ངུ་ལས་མེད།

By wisdmlabs |
DETAIL

དགུ་ཚིགས་སྐྱ་མོ།

phys. The galaxy to which the solar system belongs. ང་ཚོའི་ཉི་མའི་ཁྱིམ་རྒྱུད་ཡོད་སའི་དགུ་ཚིགས།

By wisdmlabs |
DETAIL

དགུ་ཚིགས་སྡེར་མ།

phys. The flat disk of a spiral galaxy that contains primarily young stars, gas, and dust clouds. གཙོ་བོ་སྐར་མ་གསར་པ་དང་། རླངས་རྫས། ཐལ་སྤྲིན་བཅས་ཀྱིས་གྲུབ་པའི་གཅུས་གཟུགས་དགུ་ཚིགས་ཀྱི་སྡེར་མ་ལེབ་ལེབ་དེ་ལ་གོ

By wisdmlabs |
DETAIL

དགུ་ཚིགས་ཨན་ཌོ་མེ་ཌ།

phys. A spiral galaxy, appearing to the naked eye as a fuzzy oval patch in the constellation Andromeda; it is a close neighbor to our own galaxy. མིག་རྗེན་པའི་སྣང་ངོར་སྐར་ཚོམ་ཨན་ཌོ་མེ་ཌའི་ནང་གི་སྒོང་དབྱིབས་ཀྱི་དུམ་བུ་སྤུ་ཟིང་ཟིང་ལྟ་བུར་མངོན་པའི་གཅུས་སྒྲིམ་ཅན་གྱི་དགུ་ཚིགས་ཤིག། འདི་ནི་ང་ཚོའི་དགུ་ཚིགས་ལ་ཐག་ཉེ་བའི་ཁྱིམ་མཚེས་ཤིག་ཡིན།

By wisdmlabs |
DETAIL

དགུ་ཚིགས།

phys. A vast collection of stars, dust, and gas held together by the gravitational attraction between its components. Galaxies are usually classified as elliptical, spiral, or irregular in shape. རང་གི་གྲུབ་ཆའི་འཐེན་ཤུགས་ལ་བརྟེན་ནས་མཉམ་དུ་འདུས་པའི་སྐར་ཚོམ་དང་རྡུལ། […]

By wisdmlabs |
DETAIL
TOP