ཌེང་སྒེ་གཉན་སྲིན།
biol. A flavivirus occurring as four antigenically related types that cause dengue. འགོག་ཟུངས་སྐྱེད་རྫས་ཀྱི་ཐད་ནས་ཉེ་འབྲེལ་ཡིན་པའི་རིགས་བཞི་རུ་འབྱུང་ཞིང་ཌེང་སྒེ་ཚད་ནད་སྐྱེད་མཁན་གྱི་ཧྥ་ལེ་ཝི་གཉན་སྲིན་ཞིག
ཌེང་སྒེ་ཚད་ནད།
biol. An acute, infectious tropical disease caused by any of four related flaviviruses that are transmitted by mosquitoes, characterized by high fever, rash, headache, severe muscle and joint pain, and […]
ཌོ་པ་མིན།
neurosci. A neurotransmitter that is essential for normal brain function. Decreased concentrations of dopamine are associated with Parkinson’s disease. ཀླད་པའི་རྒྱུན་ལྡན་གྱི་བྱེད་ལས་ལ་མེད་དུ་མི་རུང་བའི་དབང་རྩ་འཕྲིན་པ་ཞིག་ལ་ཟེར། ཌོ་པ་མིན་གྱི་ཚད་གཞི་ཉུང་དུ་ཕྱིན་པ་ནི་པར་ཀིན་སོན་གྱི་ནད་དང་འབྲེལ་བ་ཡོད།
ཌོབ་ལར་ནུས་པ།
phys. Change in frequency of a wave of sound or light due to the motion of the source or the receiver. See also red shift and blue shift. འོད་དམ་སྒྲ་ཡི་འབྱུང་ཁུངས་སམ་འབྱོར་སའི་འགུལ་སྐྱོད་ལ་བརྟེན་ནས་དེ་གཉིས་ཀྱི་རླབས་ཀྱི་ཟློས་ཕྱོད་ལ་ཐེབས་པའི་འགྱུར་བ། དམར་སྤོ་དང་སྔོ་སྤོ་ལ་ཡང་གཟིགས་རོགས།