ཉིང་ཁུང་།
biol. One of a series of channels spanning the nuclear envelope of eukaryotic cells that allow transport of material between the nucleus and the cytoplasm. ཉིང་ལྡན་ཕྲ་ཕུང་གི་ཉིང་སྐོགས་ཀྱི་ངོས་སུ་རྒྱུ་ལམ་བསྟར་མ་ཞིག་ཁྱབ་ཡོད་པའི་ནང་གི་གང་རུང་གཅིག་ལ་གོ་ཞིང་། ལྟེ་ཉིང་དང་ཕྲ་ཚི་གཉིས་ཀྱི་དབར་དུ་དངོས་རྫས་སྐྱེལ་འདྲེན་བྱེད་དུ་འཇུག
ཉིང་ཕྲ་སྨིན་རྫས།
biol. Any of several enzymes, including the endonucleases and the exonucleases, that hydrolyze bonds between nucleotides in nucleic acids. ལྟེ་ཉིང་སྐྱུར་རྫས་ནང་གི་ཉིང་རྡུལ་གྲུབ་ཆ་དབར་གྱི་འཆིང་སྦྱོར་ཆུས་འཕྲལ་གཏོང་མཁན་ཏེ། ནང་གི་ཉིང་ཕྲ་སྨིན་རྫས་དང་ཕྱིའི་ཉིང་ཕྲ་སྨིན་རྫས་ལ་སོགས་པའི་སྨིན་རྫས་གང་ཡང་རུང་བ་ཞིག་ལ་གོ
ཉིང་བྲལ་སྐྱེ་དངོས།
biol. A microscopic single-celled organism which has neither a distinct nucleus with a membrane nor other specialized organelles, including the bacteria and cyanobacteria སྐྱི་མོ་ཅན་གྱི་ལྟེ་ཉིང་ལོགས་སུ་མེད་ཅིང་ཆེད་ལས་རང་བཞིན་གྱི་དབང་ཕྲ་ཡང་མེད་པའི་ཕྲ་ཕུང་གཅིག་ལྡན་གྱི་ཕྲ་བའི་སྐྱེ་དངོས་སྲིན་བུ་དང་སྔོ་སྲིན་ལ་སོགས་པ་ལྟ་བུར་གོ