ཆིག་འགྱུར་ནུས་པ།
biol. Capable of developing into only one type of cell or tissue. ཕྲ་ཕུང་ངམ་ཕུང་གྲུབ་ཀྱི་རིགས་གཅིག་ཁོ་ནར་འཚར་འཕེལ་བྱེད་པའི་ནུས་པ་དང་ལྡན་པ།
ཆིག་འབབ་རྩི་ཐབས།
math. A procedure for solving problems in variation in which one of the variables is reduced to unity. འགྱུར་གྲངས་དང་ལྡན་པའི་རྩིས་གཞི་ཞིག་གི་ནང་ནས་འགྱུར་གྲངས་གང་རུང་གཅིག་ཨང་ཀི་གཅིག་ཡིན་པར་བཟོ་བའི་རྩིས་རྒྱག་ཐབས་ཤིག
ཆིག་ལྡན་འཆིང་བ།
chem. A chemical bond in which one pair of electrons is shared between two atoms. རྡུལ་ཕྲན་གཉིས་ཀྱིས་གློག་རྡུལ་ཆ་གཅིག་མཉམ་སྤྱོད་བྱས་པ་ལས་གྲུབ་པའི་རྫས་སྦྱོར་འཆིང་བ་ཞིག