གྱེས་འགྱུར།
biol. The formation of new biological species through the process of evolution. འཕེལ་འགྱུར་གྱི་རྒྱུད་རིམ་ཁྲོད་དུ་སྐྱེ་དངོས་ཀྱི་ཉེ་རིགས་གསར་པ་གྲུབ་ཚུལ།
གྱེས་འདེམས།
biol. The selection in favour of phenotypic extremes in a population. Disruptive selection produces divergence between subpopulations. ཚོགས་འདུས་ཤིག་གི་ནང་ནས་ཁྱད་པར་ཆེ་བའི་རིགས་རྫས་མངོན་རྣམ་འདེམས་སྒྲུག་བྱེད་པ་ལ་གོ་ཞིང་། གྱེས་འདེམས་ལ་བརྟེན་ནས་ཚོགས་འདུས་དེའི་ནང་གསེས་ཚོགས་འདུས་ཆུང་བའི་དབར་དུ་མི་འདྲ་བའི་ཁྱད་པར་སྐྲུན་པར་བྱེད། [ཁྱད་ཆོས་ཁྱད་པར་བ་ཡོད་པའི་སྐྱེ་དངོས་མཐའ་གཉིས་སུ་གྱེས་པ་རྣམས་འདེམས་སྒྲུག དཔེར་ན། སྐྱ་པོ་ལས་དཀར་པོ་དང་ནག་པོ་འདེམས་སྒྲུག་བྱེད་པ།]
གྱེས་རྡུལ་ཕུ་མདའ།
phys. A type of vacuum pump that can reduce the pressure in a container to about 1 nanopascal by passing a beam of electrons through the residual gas. སྣོད་ཆས་ཤིག་གི་ནང་དུ་ལྷག་པའི་རླངས་གཟུགས་བརྒྱུད་ནས་གློག་རྡུལ་གྱི་འཕྲོ་ཟེར་ཞིག་བཏང་བ་ལ་བརྟེན་ནས་སྣོན་ཆས་དེའི་ནང་གི་གནོན་ཤུགས་ནེ་ནོ་པ་སི་ཀལ་གཅིག་ཙམ་གྱི་མཚམས་སུ་མར་འབབ་ཐུབ་པའི་སྟོང་སང་ཕུ་མདའི་རིགས་ཤིག
གྱེས་རྡུལ་ཕོ།
chem. An atom or group of atoms that have lost one or more electrons, thus carrying a positive charge. རྡུལ་ཕྲན་ཞིག་གམ་རྡུལ་ཕྲན་གྱི་ཚོགས་ཤིག་གིས་གློག་རྡུལ་གཅིག་གམ་དུ་མ་བརླག་པ་ལ་བརྟེན་ནས་ཕོ་ཁུར་དང་ལྡན་པ་དེ་ལ་གོ
གྱེས་རྡུལ་མོ།
chem. An atom or group of atoms that have gained one or more electrons and thus have a negative charge གློག་རྡུལ་གཅིག་གམ་དུ་མ་ཐོབ་པ་ལ་བརྟེན་ནས་གློག་ཁུར་མོ་དང་ལྡན་པའི་རྡུལ་ཕྲན་ཞིག་གམ་རྡུལ་ཕྲན་གྱི་ཚོགས་ཤིག
གྱེས་རྡུལ་འཆིང་བ།
chem. A chemical bond between two ions with opposite charges, characteristic of salts. རྟགས་ལྡོག་པའི་ཁུར་དང་ལྡན་པའི་གྱེས་རྡུལ་གཉིས་ཀྱི་དབར་དུ་གྲུབ་པའི་རྫས་སྦྱོར་འཆིང་བ་ལ་གོ་ཞིང་། ཚྭ་ཡི་ཐུན་མིན་ཁྱད་ཆོས་ཡིན།