གཞི་རྩའི་ལྟ་གྲུབ་ཀྱི་འགྱུར་བ།
phil. A radical change in underlying beliefs or theory གཞི་རྩའི་ཡིད་ཆེས་སམ་རྣམ་གཞག་ལ་རྨང་གཞི་ནས་ཕྱིན་པའི་འགྱུར་བ་ཞིག
གཞི་རྩའི་ལྟ་གྲུབ།
phil. A world view underlying the theories and methodology of a particular scientific subject. ཚན་རིག་གི་བརྗོད་བྱ་ཞིག་གི་རྣམ་གཞག་དང་ཐབས་ཚུལ་གྱི་གཞི་རྩར་གྱུར་བའི་འཇིག་རྟེན་གྱི་ལྟ་ཚུལ་ལ་གོ
གཞིའི་གནས་བབ།
phys. The lowest stable energy state of a system, such as a molecule, atom, or nucleus. འདུས་རྡུལ་ལམ། རྡུལ་ཕྲན་ནམ། ལྟེ་རྡུལ་གྱི་མ་ལག་ཅིག་གི་ནུས་པ་ཉུང་ཤོས་དང་བརྟན་པོ་ཡིན་པའི་གནས་བབ།