Encyclopedia

གློ་ལྦུ། གློ་མིག

biol. One of the many very small air bags in the lungs, with thin walls that allow oxygen to enter the blood. གློ་བའི་ནང་གི་ཧ་ཅང་ཆུང་བའི་རླུང་རྐྱལ་མང་པོའི་ཁྲོད་ཀྱི་གཅིག་ལ་གོ་ཞིང། ཤུན་པ་སྲབ་མོ་ཡོད་པ་དེ་ཡིས་ཁྲག་གི་ནང་དུ་འཚོ་རླུང་འཛུལ་དུ་འཇུག་གི་ཡོད།

By wisdmlabs |
DETAIL

གློ་ཤིང་གཅུས་འབུག

phys. A device for drawing corks from bottles, consisting of a pointed metal spiral attached to a handle. ཤེལ་དམ་ནས་གློ་ཤིང་ཕྱིར་འདོན་པར་སྤྱོད་པའི་ཡོ་ཆས་ཤིག་སྟེ། རྩེ་རྣོ་བའི་ལྕགས་ཤིག་ལ་གཅུས་གཟུགས་ཀྱི་འབུར་ཡོད་ཅིང་ལག་འཇུ་དང་ལྡན་པ་ཞིག

By wisdmlabs |
DETAIL

གློ་སྙིང་ཁྲག་འཁོར།

biol. The circulation of blood from the heart to the lungs for oxygenation and back to the heart. འཚོ་རླུང་སྡེབ་སྦྱོར་གྱི་ཆེད་དུ་སྙིང་ནས་གློ་བ་དང། དེ་ནས་ཕྱིར་གློ་བ་ནས་སྙིང་ལ་འགྲོ་བའི་ཁྲག་གི་འཁོར་རྒྱུན་ལ་ཟེར།

By wisdmlabs |
DETAIL

གློག

phys. General term for electrical phenomena, much like gravity has to do with gravitational phenomena, or sociology with social phenomena. འཐེན་ཤུགས་ནི་འཐེན་ཤུགས་ཀྱི་སྣང་ཚུལ་ལ་སྤྱོད་པ་དང་སྤྱི་ཚོགས་ཚན་རིག་ནི་སྤྱི་ཚོགས་ཀྱི་སྣང་ཚུལ་ལ་སྤྱོད་པ་དང་མཚུངས་པར་གློག་གི་སྣང་ཚུལ་ལ་སྤྱོད་པའི་སྤྱིར་བཏང་གི་བརྡ་ཆད།

By wisdmlabs |
DETAIL

གློག་ཀླད་ཚན་རིག

phys. The study of computation and computer technology, hardware, and software. རྩིས་རྒྱག་པ་དང་། གློག་ཀླད་ཀྱི་འཕྲུལ་རིག་དང་མཁྲེགས་ཆས། མཉེན་ཆས་བཅས་ལ་སློབ་སྦྱོང་བྱེད་པའི་རིག་པ།

By wisdmlabs |
DETAIL

གློག་ཁང་།

phys. A complex of structures, machinery, and associated equipment for generating electric energy from another source of energy, such as nuclear reactions or a hydroelectric dam. ལྟེ་རྡུལ་གྱི་འདྲེས་སྦྱོར་རམ་ཆུ་མཛོད་ལྟ་བུའི་ནུས་པའི་འབྱུང་ཁུངས་གཞན་ཞིག་ལ་བརྟེན་ནས་གློག་ནུས་སྐྲུན་པར་མཁོ་བའི་ཡོ་ཆས་དང་། འཕྲུལ་ཆས། ཁང་པ་བཅས་ལ་གོ

By wisdmlabs |
DETAIL
TOP