གློག་རྫས།
phys. A combination of two or more electric cells capable of storing and supplying direct current by electrochemical means. གློག་བརྟེན་རྫས་སྦྱོར་གྱི་ཐབས་ལམ་ལ་བརྟེན་ནས་ཐད་རྒྱུག་གློག་རྒྱུན་ཉར་ཚགས་བྱེད་པའམ་མཁོ་སྤྲོད་བྱེད་པའི་མཐུ་ནུས་དང་ལྡན་པའི་གློག་རྫས་གཉིས་སམ་གཉིས་ལས་མང་བ་ལྷན་དུ་སྦྲེལ་བ་ཞིག་ལ་གོ
གློག་རའི་ལས་ཚད།
phys. Electric potential energy (in joules) per unit of charge (in coulombs) at a location in an electric field; measured in volts and often called voltage. Voltage= electrical energy/charge=joules/coulomb གློག་རའི་ནང་གི་གནས་ཤིག་ཏུ་ཡོད་པའི་ཁུར་ […]
གློག་ལམ་མ་ལག
phys. A circuit or system of circuits performing a particular function in an electronic device. གློག་ཆས་ཤིག་གི་ནང་དུ་བྱེད་ལས་ངེས་ཅན་ཞིག་སྒྲུབ་མཁན་གྱི་གློག་ལམ་གཅིག་གམ་གློག་ལམ་དུ་མའི་མ་ལག་ཅིག་ལ་གོ
གློག་ལམ། བརྡ་ལམ།
phys. Any complete path along which electric charge can flow. See also series circuit and parallel circuit. གློག་ཁུར་རྒྱུ་ཐུབ་སའི་ཆ་ཚང་བའི་རྒྱུ་ལམ་གང་རུང་ལ་གོ ཕྲེང་སྦྲེལ་གློག་ལམ་དང་གཤིབ་སྦྲེལ་གློག་ལམ་ལ་ཡང་གཟིགས་རོགས།