གྲབས་རྫས།
biol. An antibody or product of complement activation in blood serum that causes bacteria or other foreign cells to become more susceptible to the action of phagocytes. འགོག་གཟུགས་ཤིག་གམ་ཁྲག་གི་ཆུ་སེར་གྱི་ནང་དུ་བྱུང་བའི་ཁ་སྐོང་སད་སློང་གི་གྲུབ་རྫས་ཤིག་ལ་གོ་ཞིང་། སྲིན་བུའམ་ཕྱི་རོལ་ནས་ཡོང་བའི་ཕྲ་ཕུང་གཞན་གྱི་སྟེང་དུ་ཟ་བྱེད་ཕྲ་ཕུང་གིས་ཤུགས་རྐྱེན་སྤྲོད་སླ་རུ་བཟོ།
གྲབས་སྦྱོར།
biol. The process of modifying (as a bacterium) by the action of opsonins. གྲབས་རྫས་ཀྱི་བྱ་བ་ལ་བརྟེན་ནས་ (སྲིན་བུ་ལྟ་བུ་ཞིག་) འགྱུར་བ་གཏོང་བའི་རྒྱུད་རིམ་ལ་གོ
གྲམ་པ། བཀྲམ་པ།
phys. Separation of light into colors arranged according to their frequency –for example, by interaction with a prism or a diffraction grating. འཇའ་ཤེལ་ལམ་སྐོར་འཕྲོའི་འོད་དྲ་ལྟ་བུ་རྒྱུ་སྐབས་ཟློས་ཕྱོད་ལ་གཞི་བཞག་སྟེ་འོད་ཟེར་རང་གི་གྲུབ་ཆའི་ཁ་དོག་ཁག་ཏུ་གྲམ་པ།
གྲལ་ཕྲེང༌།
phys. An ordered series or arrangement. གྲལ་དུ་སྒྲིག་པའི་བསྟར་རིམ་མམ་སྒྲིག་སྟངས་ལ་གོ