གྱེས་པའི་ཟུར་ཚད། གྱེས་ཚད།
phys. The angle formed by the spread of an electron beam in a cathode-ray tube as it moves from the cathode to the screen. མོ་སྣེ་ཟེར་སྦུག་ཅིག་གི་ནང་ནས་གློག་རྡུལ་འཕྲོ་གདུང་ཞིག་མོ་སྣེ་ནས་བརྙན་ཡོལ་གྱི་ངོས་སུ་བགྲོད་པའི་སྐབས་སུ། གློག་རྡུལ་འཕྲོ་གདུང་དེ་ཐོར་འཕྲོ་བྱས་ཏེ་གྲུབ་པའི་ཟུར་ཚད།
གྱེས་འགྱུར།
biol. The formation of new biological species through the process of evolution. འཕེལ་འགྱུར་གྱི་རྒྱུད་རིམ་ཁྲོད་དུ་སྐྱེ་དངོས་ཀྱི་ཉེ་རིགས་གསར་པ་གྲུབ་ཚུལ།
གྱེས་འདེམས།
biol. The selection in favour of phenotypic extremes in a population. Disruptive selection produces divergence between subpopulations. ཚོགས་འདུས་ཤིག་གི་ནང་ནས་ཁྱད་པར་ཆེ་བའི་རིགས་རྫས་མངོན་རྣམ་འདེམས་སྒྲུག་བྱེད་པ་ལ་གོ་ཞིང་། གྱེས་འདེམས་ལ་བརྟེན་ནས་ཚོགས་འདུས་དེའི་ནང་གསེས་ཚོགས་འདུས་ཆུང་བའི་དབར་དུ་མི་འདྲ་བའི་ཁྱད་པར་སྐྲུན་པར་བྱེད། [ཁྱད་ཆོས་ཁྱད་པར་བ་ཡོད་པའི་སྐྱེ་དངོས་མཐའ་གཉིས་སུ་གྱེས་པ་རྣམས་འདེམས་སྒྲུག དཔེར་ན། སྐྱ་པོ་ལས་དཀར་པོ་དང་ནག་པོ་འདེམས་སྒྲུག་བྱེད་པ།]
གྱེས་རྡུལ་ཕུ་མདའ།
phys. A type of vacuum pump that can reduce the pressure in a container to about 1 nanopascal by passing a beam of electrons through the residual gas. སྣོད་ཆས་ཤིག་གི་ནང་དུ་ལྷག་པའི་རླངས་གཟུགས་བརྒྱུད་ནས་གློག་རྡུལ་གྱི་འཕྲོ་ཟེར་ཞིག་བཏང་བ་ལ་བརྟེན་ནས་སྣོན་ཆས་དེའི་ནང་གི་གནོན་ཤུགས་ནེ་ནོ་པ་སི་ཀལ་གཅིག་ཙམ་གྱི་མཚམས་སུ་མར་འབབ་ཐུབ་པའི་སྟོང་སང་ཕུ་མདའི་རིགས་ཤིག