གདོད་མའི་སྲོག་ཆགས།
biol. A phylum or group of phyla that comprises the single-celled microscopic animals, which include amoebas, flagellates, ciliates, sporozoans, and many other forms. They are now usually treated as a number of phyla belonging to the kingdom Protista ཕྲ་ཕུང་གཅིག་ལྡན་གྱི་ཕྲ་བའི་སྲོག་ཆགས་ཡིན་པའི་སྡེའམ་སྡེ་དུ་མའི་སྡེ་ཚན་ཞིག་ལ་གོ་ཞིང་། འདིའི་ཁོངས་སུ་ཨ་མི་བྷ་ཕྲ་སྲིན་དང་། རྔ་འགྲོ རྫི་སྤུ་ཅན། སོན་ཕྱེ་སྲོག་ཆགས་ལ་སོགས་པ་ཚུད་ཡོད། དེང་གི་ཆར་འདི་རྣམས་ནི་ཆེས་གདོད་མའི་སྲོག་ཆགས་ཀྱི་གླིང་དུ་གཏོགས་པའི་སྡེ་ཞིག་ལ་ངོས་འཛིན་བྱེད།
གདོས་གྲངས།
phys. The integer nearest in value to the atomic weight of an atom and equal to the number of nucleons in the nucleus of the atom. Symbol: A. རྡུལ་ཕྲན་གྱི་ལྗིད་ཚད་དང་ཉེ་མཚུངས་ཡིན་པའི་ཧྲིལ་གྲངས་ཏེ། འདི་ནི་རྡུལ་ཕྲན་དེའི་ལྟེ་རྡུལ་དུ་ཡོད་པའི་ལྟེ་ཆའི་ཁ་གྲངས་དང་མཚུངས་པ་ཡིན། […]
གདོས་ཚད་དང་ནུས་པའི་མཉམ་ཐང་། གདོས་ནུས་མཉམ་ཐང་།
phys. Relationship between mass and energy as given by the equation E=mc2 where c is the speed of light. གཤམ་གྱི་མཉམ་རྩིས་ཀྱིས་བསྟན་ཡོད་པ་བཞིན་གདོས་ཚད་དང་ནུས་པ་གཉིས་ཀྱི་འབྲེལ་བ། E=mc2 c ནི་འོད་ཀྱི་མགྱོགས་ཚད་ཡིན།
གདོས་ཚད་བོར་བརླག
phys. The outflow of particles and gas from a star, occurring at varying rates throughout its lifetime. སྐར་མ་ཞིག་ནས་ཕྱི་རུ་ཐོན་པའི་རྡུལ་དང་རླངས་གཟུགས་ལ་གོ་ཞིང་། སྐར་མ་དེའི་ཚེ་གང་གི་རིང་ལ་འགྲོས་ཚད་སྣ་ཚོགས་པའི་སྒོ་ནས་འབྱུང་གི་ཡོད།
གདོས་ཚད་འོད་ཤལ་བརྟག་ཆས།
phys. Device that magnetically separates charged ions according to their mass. ཁབ་ལེན་སྤྱད་དེ་ཁུར་ལྡན་གྱེས་རྡུལ་རྣམས་རང་གི་གདོས་ཚད་གཞིར་བཞག་སྟེ་དབྱེ་འབྱེད་བྱེད་པའི་ཡོ་ཆས།