ཁྱད་འགྱུར།
biol. The process by which cells or tissues change from relatively generalized to specialized kinds, during development. འཚར་འཕེལ་གྱི་སྐབས་སུ་ཕྲ་ཕུང་དང་ཕུང་གྲུབ་རྣམས་ལྟོས་བཅས་ཀྱི་སྤྱི་ཁྱབ་ཡིན་པའི་རིགས་ནས་ཁྱད་ལས་ཡིན་པའི་ངོ་བོར་འགྱུར་བ་འགྲོ་བའི་རྒྱུད་རིམ་ལ་གོ
ཁྱད་འཕགས་ཁྲིད་གཟུགས།
phys. Material that is a perfect conductor with zero resistance to the flow of electric charge གློག་ཁུར་གྱི་རྒྱུ་བ་ལ་འགོག་ཤུགས་ཅི་ཡང་མི་སྤྲོད་པའི་ཡང་དག་ཁྲིད་གཟུགས་ཡིན་པའི་དངོས་པོ།
ཁྱད་འཕགས་ཁྲིད་ནུས།
phys. The property of zero electrical resistance in some substances at very low absolute temperatures. ཚུགས་ཐུབ་དྲོད་ཚད་ཧ་ཅང་དམའ་མོའི་སྐབས་སུ་དངོས་རྫས་འགའ་ཤས་ཀྱི་ནང་དུ་ཡོད་པའི་གློག་གི་འགོག་ཤུགས་ཀླད་ཀོར་ཡིན་པའི་ཁྱད་ཆོས།
ཁྱད་འཕགས་ནོ་ཝ།
phys. An explosive brightening of a star in which the energy radiated by it increases by a factor of 1010. བསྐྲུན་པའི་ནུས་པ་ལྡབ་ 1010 ཡིས་འཕར་པའི་འབར་ནུས་དང་ལྡན་པའི་སྐར་མ་བཀྲག་མདངས་ཅན་ཞིག
ཁྱད་འཕགས་ཚོམ་བུ།
phys. A group of neighboring clusters of galaxies. ཉེ་འགྲམ་དུ་ཡོད་པའི་དགུ་ཚུགས་ཀྱི་ཚོམ་བུ་དུ་མས་གྲུབ་པའི་སྡེ་ཚན་ཞིག