ཁྲག་ལིང་། ཁྲག་འགག་པ།
biol. A process in which liquid blood is changed into a semisolid mass གཤེར་གཟུགས་ཡིན་པའི་ཁྲག་དེ་ཕྱེད་མཁྲེགས་གཟུགས་སུ་འགྱུར་བའི་རྒྱུད་རིམ་ལ་གོ
ཁྲག་ལིང་སྨིན་རྫས་སྐྱེད་བྱེད།
biol. A plasma protein that is converted into thrombin during blood clotting. ཁྲག་ལིང་ཆགས་པའི་སྐབས་སུ་ཁྲག་ལིང་སྨིན་རྫས་སུ་འགྱུར་འགྲོ་བའི་ཁྲག་འདུར་སྤྲི་རྫས་ཤིག
ཁྲག་ལིང་སྨིན་རྫས།
biol. An enzyme in blood plasma which causes the clotting of blood by converting fibrinogen to fibrin. ཁྲག་ཚི་གྲུབ་རྫས་ཤིག་ཁྲག་རྩི་ལ་བརྗེ་སྒྱུར་བྱས་ཏེ་ཁྲག་ལིང་གྲུབ་པར་རྐྱེན་བྱེད་མཁན་ཁྲག་འདུར་ནང་གི་སྨིན་རྫས་ཤིག
ཁྲིད་གཟུགས།
phys. (a) Material through which heat can be transferred. (b) Material, usually a metal, through which electric charge can flow. Good conductors of heat are generally good electric charge conductors. […]