ཁོར་ཊི་ཁོ་ཊོ་པིན་གློད་པའི་རྨེན་རྫས།
chem. A hormone produced by the hypothalamus that stimulates the anterior pituitary gland to release adrenocorticotropic hormone. པི་ཅུ་རྨེ་བུ་མདུན་མ་ནས་ཨེ་ཌི་ནོ་ཁོར་ཊི་ཁོ་ཊོ་པི་རྨེན་རྫས་གློད་འདོན་བྱེད་པ་ལ་བསྐུལ་རྐྱེན་བྱེད་མཁན་ཀླད་སྦུག་འོག་མས་སྐྱེད་སྐྲུན་བྱས་པའི་རྨེན་རྫས་ཤིག
ཁོར་ཊི་དབང་པོ།
biol. A structure in the cochlea of the inner ear which produces nerve impulses in response to sound vibrations. ནང་རྣའི་དུང་འཁྱིལ་གྱི་ནང་དུ་ཡོད་ཅིང་སྒྲ་ཡི་འདར་འགུལ་ལ་ཡ་ལན་གྱི་ཚུལ་དུ་དབང་རྩའི་འཕར་བརྡ་སྐྲུན་མཁན་གྱི་བཀོད་པ་ཞིག
ཁོར་ཊི་སོལ།
chem. A steroid hormone, produced by the adrenal cortex, that regulates carbohydrate metabolism, maintains blood pressure, and is released in response to stress. མཁལ་མའི་ཕྱི་ཤུན་གྱིས་སྐྱེད་སྐྲུན་བྱས་པའི་ཞག་འདུས་རྨེན་རྫས་ཤིག་སྟེ་ཁར་སྦོ་མངར་རྫས་ཀྱི་ནུས་འགྱུར་ལ་སྟངས་འཛིན་དང། ཁྲག་ཤེད་ཚོད་འཛིན་བྱེད། འདི་ནི་སེམས་གནོན་ལ་ཡ་ལན་གྱི་ཚུལ་དུ་གློད་འདོན་བྱས་པ་ཞིག་ཡིན།
ཁོར་ཡུག་གི་གནོན་རྐྱེན།
biol. Stressors that are found in our surroundings are called environmental stressors. Everyday life is full of environmental stressors that cause minor irritations. If you use an alarm clock to […]