ཁམས་འདུས་སྐྱེད་འཕེལ།
biol. A form of reproduction in which two gametes fuse to form a zygote. ཁམས་རྡུལ་གཉིས་ལྷན་གཅིག་ཏུ་འདྲེས་ཏེ་ས་བོན་འདུས་སྒོང་གཅིག་འགྲུབ་པར་འགྱུར་བའི་སྐྱེད་འཕེལ་གྱི་རྣམ་པ་ཞིག
ཁམས་རྡུལ་སྐྱེ་རིམ།
biol. The process in which cells undergo meiosis to form gametes. ཕྲ་ཕུང་བཞི་གྱེས་ལ་བརྟེན་ནས་ཁམས་རྡུལ་གྲུབ་པའི་རྒྱུད་རིམ་ལ་གོ [ཁམས་དཀར་དམར་གཉིས་ཀྱི་ཕྲ་ཕུང་སྐྱེ་བའི་རིམ་པ།]
ཁམས་རྡུལ།
biol. A mature haploid male or female germ cell that is able to unite with another of the opposite sex in sexual reproduction to form a zygote. ཕོ་མོ་གང་རུང་གི་ཡ་རྐང་ས་བོན་ཕྲ་ཕུང་ཆ་ལག་རྫོགས་ཤིང་མཚན་མ་ལྡོག་ཕྱོགས་ཡིན་པའི་ཡ་རྐང་ཕྲ་ཕུང་གཞན་ཞིག་དང་ཁམས་འདུས་སྐྱེད་འཕེལ་གྱི་ནང་དུ་ལྷན་འདུ་བྱེད་ཐུབ་ཅིང་ས་བོན་འདུས་སྒོང་ཞིག་གྲུབ་པར་བྱེད་ཐུབ་པ་ཞིག་ལ་གོ