ཁམས་དམར་ས་བོན།
biol. A female sexual organ in various algae and fungi that corresponds to the archegonium of ferns and mosses. ལྡུམ་པོ་རེ་རལ་དང་གྲོག་ཤིང་གི་སྒོང་དབང་དང་མཚུངས་པར། ཆུ་བལ་དང་ཧམ་ཤ་སྣ་ཚོགས་པར་ཡོད་པའི་བུད་མེད་ཀྱི་མཚན་མའི་དབང་པོ་ལ་གོ
ཁམས་དམར་སྐྱེད་རིམ།
biol. The production of the female gamete, or an egg, usually as a result of meiosis followed by a phase of maturation. མོའི་ཁམས་རྡུལ་ལམ་ཁམས་དམར་འགྲུབ་པའི་རྒྱུད་རིམ་ལ་གོ་ཞིང་། སྤྱིར་བཏང་སྐྱེ་ཕུང་བཞི་གྱེས་ཀྱི་རྗེས་སུ་སྨིན་སྦྱོར་གྱི་རིམ་པ་གྲུབ་པ་ལས་བྱུང་བའི་འབྲས་བུ་ཡིན།
ཁམས་དམར་སྦུ་གུ
biol. The hollow tube in animals that carries eggs (ova) from the ovary either to the outside of the body or to another part of the reproductive system. སྲོག་ཆགས་ཀྱི་བསམ་སེའུ་ནས་ལུས་པོའི་ཕྱི་འམ་སྐྱེད་འཕེལ་མ་ལག་གི་ཆ་ཤས་གཞན་ཞིག་ཏུ་ཁམས་དམར་དབོར་འདྲེན་བྱེད་སའི་སྦུ་གུ་ཁོག་སྟོང་དེ་ལ་གོ
ཁམས་དམར། སྒོ་ང་།
biol. A female gamete involved in the sexual reproduction of animals; an ovum སྲོག་ཆགས་ཀྱི་ཁམས་འདུས་སྐྱེད་འཕེལ་གྱི་ནང་དུ་ཐེ་གཏོགས་ཡོད་པའི་བུད་མེད་ཀྱི་ཁམས་རྡུལ་ཞིག་ལ་ཟེར། དེ་ལ་ཁམས་དམར་ཕྲ་ཕུང་ཡང་ཟེར།
ཁམས་བྲལ་སྐྱེད་འཕེལ།
biol. Any type of reproduction that occurs without the union of male and female gametes, such as fission, budding, sporulation, or parthenogenesis. གས་འགྱུར་དང་ཐེའུ་ཐོན་པ། སོན་ཐལ་ཆགས་པ། ཡང་ན་རང་བྱུང་སྐྱེད་འཕེལ་ལྟ་བུའི་ཕོ་མོའི་ཁམས་རྡུལ་འདུས་སྦྱོར་མེད་པའི་ཐོག་ནས་བྱུང་བའི་སྐྱེད་འཕེལ་གྱི་རིགས་གང་རུང་རུང་ཞིག་ལ་ཟེར།
ཁམས་མཆེད་དུས་རབས།
biol. The first part of the Paleozoic era: 590 to 505 million years ago. ཚེ་སྲོག་གནའ་སྐལ་གྱི་ཐོག་མའི་དུས་སྐབས་ཏེ་ལོ་ངོ་ས་ཡ་ ༥༩༠ ནས་ས་ཡ་ ༥༠༥ སྔོན་གྱི་དུས་སྐབས།