Encyclopedia

ཁབ་ལེན་འདེགས་འགྱོག

phys. The use of the physical properties of magnetic fields generated by superconducting magnets to cause an object (such as a vehicle) to float above a solid surface ཁྱད་འཕགས་ཁྲིད་གཟུགས་ཀྱི་ཁབ་ལེན་གྱིས་བསྐྲུན་པའི་ཁབ་ལེན་ར་བའི་ཁྱད་ཆོས་སྤྱད་དེ་དངོས་པོ་ཞིག་ (འགྲུལ་འཁོར་ལྟ་བུ་ཞིག) […]

By wisdmlabs |
DETAIL

ཁབ་ལེན་ཡོ་ཟུར།

phys. Discrepancy between the orientation of a compass pointing toward magnetic north and the true geographic north. ཕྱོགས་སྟོན་འཁོར་ལོས་བསྟན་པའི་བྱང་སྣེ་དང་སའི་གོ་ལའི་བྱང་སྣེ་ངོ་མ་གཉིས་དབར་གྱི་ཧེ་བག

By wisdmlabs |
DETAIL

ཁབ་ལེན་ར་ཐིག

phys. Lines showing the shape of a magnetic field. A compass placed on such a line will turn so that the needle is aligned with it. ཁབ་ལེན་ར་བའི་དབྱིབས་སྟོན་པར་བྱེད་པའི་ཐིག འདི་ལྟ་བུའི་ཐིག་གི་སྟེང་དུ་བཞག་པའི་ཕྱོགས་སྟོན་འཁོར་ལོའི་ཁབ་རྩེ་དེ་ར་ཐིག་དང་ཕྱོགས་སྒྲིལ་བའི་སྒོ་ནས་སྐོར་བ་བྱེད།

By wisdmlabs |
DETAIL

ཁབ་ལེན་ར་བ།

phys. A field of force that exists around a magnetic body or a current-carrying conductor. ཁབ་ལེན་གྱི་ནུས་པ་ཅན་གྱི་དངོས་གཟུགས་ཤིག་གམ་གློག་རྒྱུན་རྒྱུ་བཞིན་པའི་ཁྲིད་གཟུགས་ཤིག་གི་མཁའ་འཁོར་དུ་གནས་པའི་ཤུགས་ཀྱི་ར་བ་ཞིག

By wisdmlabs |
DETAIL

ཁབ་ལེན་རྐྱང་སྣེ།

phys. Hypothetical particle having a single north or a single south magnetic pole, analogous to a positive or negative electric charge. གློག་ཁུར་ཕོའམ་མོ་གང་རུང་དང་མཚུངས་པར་ཁབ་ལེན་གྱི་བྱང་སྣེའམ་ལྷོ་སྣེ་གཅིག་ཁོ་ན་ཡོད་པའི་རྟོག་བཏགས་ཀྱི་རྡུལ།

By wisdmlabs |
DETAIL

ཁབ་ལེན་རང་བཞིན།

phys. Phenomena associated with magnetic fields. See also electromagnetism and magnetic force. ཁབ་ལེན་ར་བ་དང་འབྲེལ་བའི་སྣང་ཚུལ། ཁབ་ལེན་རང་བཞིན་དང་ཁབ་ལེན་གྱི་ཤུགས་ལ་ཡང་གཟིགས་རོགས།

By wisdmlabs |
DETAIL

ཁབ་ལེན་སྐྱེད་བསྒྱུར།

phys. The process of magnetizing or the state of being magnetized. ཁབ་ལེན་དུ་སྒྱུར་བའི་རིམ་པའམ་ཁབ་ལེན་དུ་བསྒྱུར་བའི་གནས་བབ།

By wisdmlabs |
DETAIL
TOP