anesthesia
neurosci. The lack of sensation, especially awareness of pain. It may occur due to an anesthetic drug or damage to nerve tissue. ཚོར་མྱོང་ཉུང་དྲགས་པ་སྟེ། ལྷག་པར་དུ་ཟུག་རྔུའི་ཤེས་ཚོར་ཉུང་དྲགས་པ་ལ་གོ་ཞིང་། དབང་རྩའི་ཕུང་གྲུབ་ལ་བྱུང་བའི་ཆག་སྐྱོན་ནམ་སྦྲིད་སྨན་ལ་བརྟེན་ནས་འབྱུང་སྲིད་པ་ཡིན།
anesthesiologist
biol. A physician who specializes in the administration of anesthetics during surgery, labor and delivery, or other procedures. གཤག་བཅོས་ཀྱི་སྐབས་སམ། ཕྲུ་གུ་བཙའ་བའི་སྐབས། ཡང་ན་སྨན་བཅོས་ཀྱི་རྒྱུད་རིམ་གཞན་གྱི་སྐབས་སུ་སྦྲིད་སྨན་ཚོད་འཛིན་ལ་ཆེད་མཁས་ཡིན་པའི་སྨན་པ་ཞིག
anesthesiology
biol. The branch of medicine that is concerned with anesthesia and anesthetics. སྦྲིད་པ་དང་། སྦྲིད་སྨན་ལ་འབྲེལ་བ་ཡོད་པའི་གསོ་དཔྱད་རིག་པའི་ཡན་ལག་ཅིག
anesthetic
chem. A substance that induces insensitivity to pain. ན་ཟུག་མྱོང་ཚོར་མི་ཐུབ་པར་བཟོ་མཁན་གྱི་རྫས་ཤིག
anesthetist
biol. A nurse or technician who is trained to administer anesthetics. སྦྲིད་སྨན་བཅོས་ཐབས་ལ་སྦྱོང་བརྡར་ཡོད་པའི་འཕྲུལ་ལས་མཁས་པའམ་སྨན་ཞབས་པ་ཞིག་ལ་ཟེར།
angiosperm
biol. A plant having its seeds enclosed in an ovary རང་ཉིད་ཀྱི་ས་བོན་ཟེའུ་འབྲུའི་མངལ་ཁང་ཞིག་གིས་བཏུམས་ཡོད་པའི་རྩི་ཤིང་།
angle of declination
phys. 1. Angle at a particular point on the Earth’s surface between the direction of the true or geographic North Pole and the magnetic north pole. 2.the angle made by […]