metabolic disease

biol. Metabolic disease, any of the diseases or disorders that disrupt normal metabolism, the process of converting food to energy on a cellular level. Thousands of enzymes participating in numerous interdependent metabolic pathways carry out this process. Metabolic diseases affect the ability of the cell to perform critical biochemical reactions that involve the processing or transport of proteins (amino acids), carbohydrates (sugars and starches), or lipids (fatty acids).
ནུས་སྒྱུར་འཁྲུག་ནད་ནི་རྒྱུན་ལྡན་གྱི་ནུས་འགྱུར་སྟེ་ཕྲ་ཕུང་རིམ་པའི་གནས་སྐབས་སུ་ཟས་རྣམས་ནུས་པར་བརྗེ་སྒྱུར་བྱེད་པའི་བྱ་བའི་བརྒྱུད་རིམ་འཁྲུག་པའི་འཁྲུག་སྐྱོན་ནམ་ན་ཚ་གང་རུང་རུང་ཞིག་ལ་གོ རྒྱུད་རིམ་འདི་གྲུབ་པར་ཕན་ཚུན་ལྟོས་བཅས་ཀྱི་སྒོ་ནས་ཡོད་པའི་ནུས་སྒྱུར་རྒྱུ་ལམ་མང་པོའི་ནང་དུ་སྨིན་རྫས་སྟོང་ཕྲག་མང་པོས་བྱ་བ་བྱེད་ཀྱི་ཡོད། ནུས་སྒྱུར་འཁྲུག་ནད་ཀྱིས་ཕྲ་ཕུང་གིས་སྤྲི་རྫས་ (ཨེ་མི་ནོ་སྐྱུར་རྫས་) དང། ཁར་སྦོ་མངར་རྫས་ (ཀ་ར་དང་བག་ཚི།)། ཡང་ན་ལི་ཚིལ་ (ཚིལ་ལྡན་སྐྱུར་) བཅས་བཟོ་བའམ་སྐྱེལ་འདྲེན་བྱེད་པའི་སྐྱེ་དངོས་རྫས་འགྱུར་གྱི་བྱེད་ལས་གལ་ཆེན་སྒྲུབ་པའི་ནུས་པ་ལ་གནོན་རྐྱེན་བྱེད་ཀྱི་ཡོད།