memristor (memory resistor)
phys. A memory resistor (memristor) is a non-linear passive two-terminal electrical component considered to be the fourth fundamental electrical circuit element, in addition to the original fundamental circuit elements: resistors, capacitors and inductors. Like a resistor, it creates and maintains a safe flow of electrical current across a device, but it can also remember the last charge that was flowing through it. It differs from a regular resistor as it can “remember” charges even when there is no current or voltage present, allowing information storage even when the device is turned off.
དྲན་ལྡན་འགོག་གཟུགས་ (དྲན་གཟུགས་) ནི་གཞི་རྩའི་གློག་ལམ་གྱི་ཆ་ཤས་གསུམ་སྟེ་འགོག་གཟུགས་དང་། གློག་ཁུར་གསོག་ཆས། སྐུལ་སྐྲུན་བྱེད་ཆས་བཅས་ཀྱི་སྟེང་དུ་སྡོམ་པའི་གཞི་རྩའི་གློག་ལམ་གྱི་ཆ་ཤས་བཞི་པར་ངོས་འཛིན་བྱེད་པའི་དྲང་ཐད་མིན་ལ་སྐྱེན་པོ་མིན་པའི་སྣེ་གཉིས་ལྡན་གྱི་གློག་ལམ་གྱི་གྲུབ་ཆ་ཤིག་ཡིན། འགེགས་ཆས་ཤིག་དང་མཚུངས་པར་དྲན་གཟུགས་ཤིག་གིས་གློག་ཆས་ཤིག་གི་རྒྱུད་དུ་གློག་རྒྱུན་བརྟན་པོ་བསྐྲུན་པ་དང་རྒྱུན་གནས་བྱེད་དུ་འཇུག་པ་མ་ཟད། རང་ཉིད་བརྒྱུད་ནས་བགྲོད་པའི་གློག་ཁུར་མཐའ་མ་དེ་དྲན་ཡང་ཐུབ་ཀྱི་ཡོད། འདི་ཡིས་གློག་རྒྱུན་ནམ་ཝོལ་ཚད་མེད་པའི་སྐབས་སུ་ཡང་གློག་ཁུར་དྲན་པར་བྱས་ཏེ་གློག་ཆས་ཁ་རྒྱབ་པའི་རྗེས་སུ་ཡང་ཆ་འཕྲིན་ཉར་ཚགས་བྱེད་དུ་འཇུག་པ་ལ་བརྟེན་ནས་སྤྱིར་བཏང་གི་འགོག་གཟུགས་དང་མི་འདྲ་བ་ཡིན་ནོ།