hydrogen bonding
chem. The effect of hydrogen bonds, which are the strongest intermolecular force; this is largely responsible for the unique properties of water and for the ability of molecules in living systems to maintain the appropriate structure to carry out their biochemical functions; e.g., the double helix structure of DNA.
འདུས་རྡུལ་དབར་གྱི་འཆིང་ཤུགས་ཆེ་ཤོས་ཡིན་པའི་ཡང་རླུང་འཆིང་བའི་ཤུགས་རྐྱེན་དེ་ལ་གོ་ཞིང་། འདི་ནི་ཆུའི་ཐུན་མིན་ཁྱད་ཆོས་དང་འབྲེལ་བ་ཡོད་ཅིང་། སྐྱེ་ལྡན་མ་ལག་ནང་གི་འདུས་རྡུལ་ལ་ཆགས་བཀོད་ངེས་ཅན་ཞིག་ཉར་བཟུང་བྱེད་པའི་ནུས་པ་དང་དེ་དག་གིས་སྐྱེ་དངོས་རྫས་སྦྱོར་གྱི་བྱེད་ལས་སྒྲུབ་པའི་ནུས་པ་དང་ཡང་འབྲེལ་བ་ཡོད་པ་ཡིན། དཔེར་ན། ཌི་ཨེན་ཨེ་ཡི་གཅུས་གཟུགས་ཉིས་ལྡན་གྱི་ཆགས་བཀོད་ལྟ་བུ།