fluent aphasia
biol. A disorder of brain function in which articulation of speech and grammatical organization are preserved but comprehension and choice of words are defective. The condition is common after stroke.
སྨྲ་བརྗོད་དང་བརྡ་སྤྲོད་ཀྱི་འགྲོ་ལུགས་ལ་གསལ་ཁ་འདོན་པའི་ནུས་པར་སྐྱོན་མེད་ཀྱང་གོ་རྟོགས་དང་ཚིག་འདེམས་ཀ་བྱེད་པའི་ནུས་པ་ལ་སྐྱོན་ཤོར་བའི་ཀླད་པའི་བྱེད་ལས་ཀྱི་འཁྲུག་སྐྱོན་ཞིག གྲིབ་ཕོག་པའི་རྗེས་སུ་གནས་སྟངས་འདི་འབྱུང་བ་མང་།