feedback control

neurosci. Method used for the regulation of biological activity in an organism based on the flow of information between parts of the organism. An example is negative feedback control in the endocrine system, in which rising concentrations of a hormone in the bloodstream result in a lowering of the level of stimulation of cells that produce that hormone.
སྐྱེ་དངོས་ཤིག་གི་ལུས་པོའི་ཆ་ཤས་དབར་གྱི་ཆ་འཕྲིན་གྱི་རྒྱུ་བ་གཞིར་བཞག་སྟེ་སྐྱེ་དངོས་དེའི་ལུས་པོའི་ནང་གི་སྐྱེ་དངོས་བྱེད་སྒོ་ལ་སྟངས་འཛིན་བྱེད་པར་སྤྱོད་པའི་ཐབས་ལམ་ལ་གོ་ཞིང་། དཔེ་མཚོན་ནི་ནང་རྨེན་མ་ལག་ནང་གི་འཕྲི་ལྡོག་ཚོད་འཛིན་ཡིན། འདིའི་སྐབས་སུ་ཁྲག་ལམ་གྱི་རྨེན་རྫས་ཀྱི་འདུས་ཚད་ཇེ་མང་དུ་ཕྱིན་པ་དེ་ཡིས་རྨེན་རྫས་གློད་མཁན་གྱི་ཕྲ་ཕུང་གི་སྐུལ་སློང་གནས་བབ་ཇེ་དམའ་རུ་གཏོང་བར་བྱེད།